འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་སྤོས་བཟོ་བའི་ལག་རྩལ་དེ་ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཏེ་སྲུང་སྐྱོབ་དང་རྒྱུད་འཛིན་བྱས་པ་རེད། ལོ་ངོ་གསུམ་རིང་། ཁག་བཅུ་པའི་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་སྐྱོར་འོག བོད་སྤོས་ཀྱི་ཚོང་རྟགས་གསར་པ་མཐོ་སྒང་ནས་རྒྱལ་ཡོངས་སུ་ཕྱོགས་པ་རེད།
ཅང་མ་འགོར་བའི་ཡར་སྔོན་དུ། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཚད་ལྡན་དཔེ་སྟོན་རྣམ་པའི་བོད་སྤོས་ཐོན་སྐྱེད་རྟེན་གཞི་དངོས་སུ་འཁོར་སྐྱོད་བྱེད་མགོ་ཚུགས་པ་དང་། དེས་ཆབ་མདོའི་བོད་སྤོས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན། 2025ལོར། ཆབ་མདོའི་བོད་སྤོས་ཐོན་ལས་དེ་བོད་རང་སྐྱོང་ལྗོངས་ཀྱི་ཐོན་ལས་བོད་སྐྱོར་གྱི་དཔེ་མཚོན་རྟེན་གཞི་ནང་བདམས་པ་རེད།
2022ལོའི་ཟླ7པར། བོད་དུ་ཡོང་ཚུན་ཧྥུའུ་ཅན་བོད་སྐྱོར་ལས་བྱེད་པས་ཆབ་མདོའི་བོད་སྤོས་ཐོན་ལས་ཀྱི་འཕེལ་རྒྱས་གནད་དོན་ལ་མཉམ་འཇོག་བྱས་པས་དུས་ཡུན་རིང་པོའི་ནང་ལག་པས་ལས་ཀ་བྱེད་པ་དང་། ཐོན་རྫས་གཅིག་མཚུངས་མིན་པ། སྤུས་ཀ་དོ་མི་སྙོམས་པ་བཅས་ཀྱིས་བོད་སྤོས་ཐོན་ལས་ལ་བཀག་རྒྱ་ཐེབས་བཞིན་པ་ཤེས་རྟོགས་བྱུང་།
2024ལོའི་ཟླ3པར། ཁག་བཅུ་པའི་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་སྐུལ་འདེད་འོག རྒྱལ་ཁབ་སྤོས་བཤེར་ལྟེ་གནས་ཆབ་མདོ་ལས་སྒོ་ལྟེ་གནས་དངོས་སུ་ཆབ་མདོར་བཙུགས་ཏེ། བོད་སྤོས་ཐོན་ལས་ཚད་ལྡན་ངང་ཐོན་སྐྱེད་དང་། ཞིབ་བཤེར། ཚན་རིག་ཞིབ་འཇུག་བཅས་བྱེད་པར་སྟབས་བདེ་གང་ལེགས་བསྐྲུན་པ་རེད། དེ་ལས་གཞན་རྟོག་ཞིབ་གང་མང་བྱས་པ་བརྒྱུད། ཁག་བཅུ་པའི་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ཆབ་མདོའི་བོད་སྤོས་དང་ཧྥུའུ་ཅན་ཡུང་ཁྲོན་སྤོས་ཀྱི་ཐོན་ལས་འཕེལ་རྒྱས་ལ་འདྲ་མཚུངས་ཀྱི་ཆ་ཡོད་པ་ཤེས་རྟོགས་བྱུང་།
ཁག་བཅུ་པའི་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི2000ཡས་མས་བཏང་ཞིང་། 20525ལོར་ལྷོ་རོང་རྫོང་དུ་ཚད་ལྡན་དཔེ་སྟོན་ཅན་གྱི་བོད་སྤོས་ཐོན་ལས་རྟེན་གཞི་བཙུགས་ཏེ། ཡུང་ཁྲོན་སྤོས་བཟོ་ལག་རྩལ་ཆེད་མཁས་པ་གདན་དྲངས་ནས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་ཡོད། ཚད་ལྡན་ཅན་གྱི་བཟོ་ཁང་ཡོད་པ་དེས་དེ་སྔོན་ཟླ་བ་གཅིག་གི་ལས་ཀ་དེ་ད་ལྟ་ཉིན་ལྔའི་ནང་ལས་ཐུབ་ཀྱིན་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)