འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་23ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཚེ་སྒྲོན་གྱིས་རུ་སྣེ་ཁྲིད་དེ་ཆབ་མདོར་མི་འབོར་དང་། མི་སེམས་། ཤེས་ལྡན་མི་སྣ་བཅས་ཀྱི་ཆེད་དོན་བརྟག་ཞིབ་ཀྱི་སྙན་ཞུའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཀྲང་ཅན་ཧྭ་ཚོགས་འདུ་ཞུགས་ཡོད།
ཚོགས་འདུ་མ་འཚོགས་གོང་ལ་བརྟག་དཔྱད་ཞིབ་འཇུག་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་སྟེང་ཆེན་རྫོང་དང་། རི་བོ་ཆེ་རྫོང་། འཇོ་མདའ་རྫོང་། ཁ་རུབ་ཆུས་ཀྱི་འབྲེལ་ཡོད་སློབ་གྲྭ་དང་། དགོན་སྡེ། གྲོང་ཚོ་སོགས་ལ་ཕྱིན་ནས་ས་ཡུལ་དངོས་སུ་འཚམས་འདྲི་དང་། དཔྱད་གཞིའི་ཡིག་ཆར་ལྟ་ཞིབ། དུད་འཛུལ་སྤེལ་རེས་ཀྱི་ལམ་ནས་རང་རེའི་གྲོང་ཁྱེར་གྱི་མི་འབོར་དང་། མི་སེམས། ཤེས་ལྡན་མི་སྣ་བཅས་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་བརྟག་ཞིབ་ཚོགས་ཆུང་གིས་རང་རེའི་གྲོང་ཁྱེར་གྱི་མི་འབོར་དང་། མི་སེམས། ཤེས་ལྡན་མི་སྣ་བཅས་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་སྙན་གྱི་ཞུ་ཉན་པ་དང་། ཚོགས་ཞུགས་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས་ཁ་གསབ་གཏམ་བཤད་གནང་བ་མ་ཟད། བརྟག་ཞིབ་འཇུག་ཚོགས་ཆུང་གིས་དྲི་བ་བཏོན་པར་ལན་ནན་ཏན་བརྒྱབ་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)