国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月27日

བོད་ཤར་རིག་གནས་པེ་ཅིན་ཡུལ་དུ་སྤེལ། མི་རིགས་མཐུན་སྒྲིལ་ལེའུ་མཉམ་དུ་བརྩམས།

-ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་གི་དུས་ཐེངས་གཉིས་པའི་ཉམས་ལེན་རྣམ་གྲངས་ཆབ་མདོའི་རེས་སྐོར་འགྲེམས་སྟོན་པེ་ཅིན་དུ་གཉེར་བ།

འདི་ནི་ཡུལ་སྐོར་བས་བོད་སྤོས་བཟོ་རྩལ་ཉམས་སུ་མྱོང་བཞིན་པ།

འདི་ནི་ལྷོ་རོང་རྫོང་ཤོ་པ་མདོའི་སེང་རྩེད་འཁྲབ་བཞིན་པ།

ཟླ5པའི་ཚེས25ཉིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་གི་དུས་ཐེངས་གཉིས་པའི་ཉམས་ལེན་རྣམ་གྲངས་ཆབ་མདོའི་རེས་སྐོར་འགྲེམས་སྟོན་དེ་པེ་ཅིན་སོག་བོད་སློབ་གྲྭའི་གནས་རྙིང་དུ་གཉེར་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་དེ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཆབ་མདོའི་ལོ་རྒྱུས་རིག་གནས་དང་། སྐྱེ་ཁམས་མཛེས་ལྗོངས། མི་རིགས་མཐུན་སྒྲིལ་བཅས་ཀྱི་གཏམ་རྒྱུད་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་ས་ཡུལ་དངོས་ཀྱི་ལྟད་མོ་བར་ས་ཁམས་ལས་བརྒལ་བའི་རིག་གནས་ཀྱི་སྟོན་མོ་གྱ་ནོམ་པཞིག་བཤམས་ཡོད་པ་རེད།

ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་གྱི་སེང་བྲོ་ནི་འོད་སྟོང་འཕྲོ་བའི་རིག་གནས་ཀྱི་མུ་ཏིག་ལྟ་བུ་ཞིག་སྟེ། དེར་ལོ་ངོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གསོན་ཉམས་དོད་པའི་དཔང་པོ་དང་སྙིང་བཅུད་ཅིག་རེད། རེས་སྐོར་འགྲེམས་སྟོན་དེ་ཕྱི་དྲོའི་ཆུ་ཚོད་གསུམ་པར་གར་སྟབས་བདེ་ལ་སྙན་འཇེབས་ལྡན་པའི《ཤོ་པ་མདོ་གྲོང་རྡལ་གྱི་སེང་བྲོ》འཁྲབ་ནས་དངོས་སུ་གཉེར་འགོ་ཚུགས་པ་རེད། ཞབས་བྲོ་རྒྱག་མཁན་ཚོས་བདེ་ལྕག་འཁྱུག་པོའི་སྟངས་སྟབས་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་ལོ་བརྒྱའི་དབྱངས་རྟ་མཚོན་པར་བྱས་པས། ས་གནས་ས་ཐོག་ཏུ་དགའ་སྤྲོའི་རྣམ་པ་ཞིག་གིས་ཡོངས་སུ་ཁེངས་ཡོད་པ་རེད། དེ་རྗེས་གླུ་གཞས《སྤྱི་ཁྱབ་ཧྲུའུ་ཅི་ལགས། བཀྲ་ཤིས་བདེ་ལེགས་ཞུ།》ཞེས་པ་ལས་གངས་ལྗོངས་བུ་ཕྲུག་གིས་ཏང་དང་གཙོ་འཛིན་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་དང་བཀའ་དྲིན་མཚོན་པར་བྱས་པ་དང་། 《བོད་ཤར་གྱིས་ཁྱེད་ལ་དགའ་བསུ་ཞུ》ཞེས་པའི་གླུ་གཞས་ནང་ཐག་རིང་གི་གྲོགས་པོ་ཚོར་ལྷག་བསམ་ཟོལ་མེད་ཀྱིས་གདན་ཞུ་གནང་བ་མཚོན་པ། བརྗིད་ཉམས་ལྡན་པའི《གེ་སར་རྒྱལ་པོའི་སྒྲུང》ལ་ལྟད་མོ་བ་སྔར་ལས་མང་བས་བསྟོད་བསྔགས་ཡང་ཡང་བྱས་པ་རེད།

ཉམས་ལེན་ཁང་གི་མཉམ་འགུལ་ཉམས་ལེན་ཁུལ་དུ་བོད་ཡིག་ཡིག་གཟུགས་དང་། བོད་སྤོས་བཟོ་སྟངས། ཁྱད་ལྡན་གྱོན་ཆས་འགྲེམས་སྟོན་སོགས་རྣམ་གྲངས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། སྣོན་ཐུག་དང་མི་རིགས་མཐུན་སྒྲིལ་གྱི་ཁ་ཟས་ཁྲོམ་བཀྱག་གི་མདུན་དུ་ཚང་མས་དགའ་དགའ་སྐྱིད་སྐྱིད་ངང་བོད་ཟས་དག་མའི་བྲོ་བ་མྱོང་བཞིན་ཡོད། ཕྱུར་བ་དང་། དར་ཆང་། བོད་སྤོས། ཤིང་ཕོར་སོགས་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་ཀྱང་ཡུལ་སྐོར་བ་ཚོའི་གདམ་ག་དང་པོར་གྱུར་ཡོད་པ་རེད།

ཕོ་བྲང་འགྲེམས་ཁུལ་དུ་ལོ་ངོ་བཞི་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་འཇོ་མདའ་རྫོང་སྤོ་ལུ་ཤང་གི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཏེ“སྤོ་ལུ་སྐུ་ཚེའི་ཤིང་བརྐོས”དེ་སྤུས་དག་ལ་ལྟ་ན་སྡུག་པ་དང་ལྷའི་བཟོ་རྩལ་ལས་ཀྱང་མཁས་པའི་ཁྱད་ཆོས་ལྡན་པས་ཡུལ་སྐོར་བ་མང་པོས་དེར་མིག་ཅེར་རེ་ངང་བལྟས་པ་རེད། རྒྱུན་འཛིན་པ་ཚེ་འཕེལ་གྱིས་སྤྲོ་སེམས་འཁོལ་བའི་ངང་ལྟ་སྐོར་དུ་ཡོང་མཁན་ཡུལ་སྐོར་བས་སྤོ་ལུའི་ཤིང་བརྐོས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་། རྩེར་སོན་གྱི་རྐོས་རྩལ། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཁྱད་གཤིས་བཅས་ངོ་སྤྲོད་བྱས་པ་རེད། ཁོང་གི་འགྲེལ་བཤད་ལས་ཡུལ་སྐོར་བ་ཚོས་དུས་དང་རྣམ་པ་ཀུན་ཏུ་ཆབ་མདོའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོ་ཉམས་སུ་མྱོང་བ་དང་སྲོལ་རྒྱུན་བཟོ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཚོར་ཡོད། (ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)