འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས2ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་གཞུང་ཡིག་རྩོམ་འབྲིའི་འགྲན་སྡུར་སྐབས་དང་པོའི་ཕྱོགས་བསྡོམས་ཚོགས་ཆེན་འཚོགས་པ་རེད། ཐེངས་འདིའི་འགྲན་སྡུར་ནི་ཆབ་མདོ་གྲོང་ཨུད་གཞུང་དོན་ཁང་གཙོ་སྒྲུབ་བྱས་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་གཞུང་དོན་ཁང་དང་། གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་། གྲོང་ཁྱེར་སྲིད་གྲོས་གཞུང་དོན་ཁང་བཅས་ཚན་པས་ཐུན་མོང་གིས་སྒྲུབ་པ་ཞིག་ཡིན།
གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཐེངས་འདིའི་འགྲན་སྡུར་ནི་གྲོང་ཁྱེར(ཀྲུང་དབྱང་དང་། ལྗོངས)ཐད་གཏོགས་ཚན་པ་དང་རྫོང(ཆུས)11ནས་ཡོང་བའི་ལས་བྱེད་པ1197གྱིས་གར་སྟེགས་གཅིག་ཏུ་འགྲན་སྡུར་དང་། ཛ་དྲག་གི་རིམ་པ། དྲང་སྙོམས་འདེམས་གསེས་བྱས་པ་བརྒྱུད། ལས་བྱེད་པ6མཐའ་མའི་འགྲན་སྡུར་ལས་བླངས་ཏེ་གྲོང་ཁྱེར་དང་རྫོང(ཀྲུང་དབྱང་དང་། ལྗོངས)ཐད་གཏོགས་ཚན་པའི་ཚོ་ཆུང་དང་། ཤང(གྲོང་རྡལ)ཚོ་ཆུང་གི་ཨང་སྔོན་མ་གསུམ་ལ་བྱ་དགའ་ཐོབ་ཡོད།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་ལམ་ནས་འཚོགས་པ་རེད།
ཆབ་མདོ་གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་དང་རྫོང(ཆུས)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད།
ཕྱོགས་བསྡོམས་ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་གཞུང་ཡིག་རྩོམ་འབྲིའི་འགྲན་སྡུར་སྐབས་དང་པོའི་གནས་ཚུལ་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི་བརྡ་ཁྱབ》སྒྲོག་སྦྱོང་བྱས་པ་མ་ཟད། བྱ་དགའ་ཐོབ་མཁན་ལ་གཟི་བརྗིད་དཔང་ཡིག་དང་བྱ་དགའ་གཟེངས་བུམ་སྤྲད་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)