འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་ལྔ་པ་ནི་རྒྱལ་ཡོངས་ཀྱི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”ཐེངས་ལྔ་པ་ཡིན་པ་དང་། མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་མཐོར་འདེགས་སུ་བཏང་སྟེ་དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་སྐུལ་འདེད་ཏན་ཏིག་བྱེད་ཆེད། ཟླ5པའི་ཚེས20ཉིན། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཁྱེར་ཁྲིམས་འཛིན་ཅུས། གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་། ཁ་རུབ་ཆུས་ཁྲིམས་འཛིན་ཅུས་བཅས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་དེ་ཇ་རྟའི་ཐང་ཆེན་དུ་སྤེལ་བ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་བྱེད་སྒོར་ཞུགས་ཡོད།
བྱེད་སྒོའི་ས་གནས་ས་ཐོག་ཏུ་ཚན་པ་ཁག་གི་ལས་དོན་པས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དྲིལ་བསྒྲགས་ལག་དེབ་དང་དེ་བཞིན་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བརྩམས་ཆོས་སོགས་སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནང་དྲིལ་བསྒྲགས་དཔྱད་གཞི11150དང་། ཉོ་རྫས་ཁུག་མ་དང་། ཕོར་བ། ཤོག་བུ་སོགས་དྲིལ་བསྒྲགས་དངོས་པོ6000ལྷག་སྤྲད་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)