国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月23日

མུན་རུབ་ཀྱང་རི་བོ་ཆེའི་རྫོང་གི་མཚན་ཁྲོམ་སྔར་བཞིན་འུར་ཟིང་ཆེ་ཞིང་གློག་འོད་ཁྲ་ཆིལ་ཆིལ་དུ་འབར། སྐུ་མགྲོན་རྣམས་གཅིག་མཇུག་གཉིས་མཐུད་ཀྱིས་བསྲེགས་ཟས་ཁང་དུ་འཛུལ་ཏེ་བྲོ་བརྒྱའི་ཟས་ལ་རོལ་གྱིན་ཡོད།

ཐེངས་འདིའི་མཚན་ཁྲོམ་ཐོག་བཟའ་བཏུང་དང་། སིལ་འཚོང་། སྤྲོ་སྐྱིད་བཅས་ཚོང་དུད50ལྷག་མཉམ་འབྲེལ་བྱས་ཏེ། ཟས་མཆོག་གྲོང་དང་། ཚོང་ཟོག་འགྲེམས་འཚོང་སོགས་བཙུགས་ནས་ཡུལ་སྐོར་བ་དང་མང་ཚོགས་ཀྱི་མི་འདྲ་བའི་དགོས་མཁོ་སྐོང་བ་རེད། མིག་སྔའི་བར། བྱེད་སྒོ་སྤེལ་རིང་འགྲུལ་བ་2000ཡས་མས་ཟིན་པ་དང་ཚོང་དུད་ཉོ་འཚོང་བྱེད་ཚད་སྒོར་ཁྲི20ལྷག་ཟིན་ཡོད།

འདི་ནི་བསྲེགས་ཟས་ཁང་དུ་ཡུལ་སྐོར་བ་མང་པོས་བསྲེགས་ཟས་ཟ་བཞིན་པ།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)