国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月23日

མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཚོང་འདུས་སྐབས་ ཉེར་བདུན་པ་ཧྥུ་ཀྲོའུ་རུ་གཉེར་འགོ་ཚུགས་པ།

འདི་ནི་ལྟ་སྐོར་བས་ཆབ་མདོའི་ཟུང་གཟུགས་རྫ་བུམ་ལ་ལྟ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས18ཉིན་ནས་ཚེས22ཉིན་བར།“ངོགས་གཉིས་ཀྱི་མཉམ་འདྲེས་གཏིང་ཟབ་ཏུ་བཏང་སྟེ། ཁྱིམ་གཞི་དང་པོ་འཛུགས་སྐྲུན་བྱེད་དགོས”ཅེས་པ་བརྗོད་དོན་གཙོ་བོའི་མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཚོང་འདུས་སྐབས་ཉེར་བདུན་པ་ཧྥུ་ཀྲོའུ་རུ་གཉེར་འགོ་ཚུགས་པ་རེད།

ཐེངས་འདིའི་ཚོང་འདུས་ནང་ཆབ་མདོས་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་ཐུན་མོང་མ་ཡིན་པའི་ཞིབ་འབྲོག་ལས་དང་། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ཀྱི་ཁྱབ་ཁོངས་ནང་གི་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་ཁུངས་དང་དགེ་མཚན་ཆེ་བའི་ཐོན་ལས་རྣམ་གྲངས་བསྣམས་ནས་མངོན་ཡོད།

ཚོང་འདུས་འགྲེམས་སྟོན་ནང་ཞུགས་པའི་ཁེ་ལས་པ་དབྱངས་ཅན་ལྷ་མོས་འགྲེམས་ཚོགས་འགོ་ཚུགས་ཉིན་ཕྱེད་ལས་མེད་ཀྱང་ཕྱིར་འཚོང་བྱེད་ཚད་སྒོར14000ལས་བརྒལ་ཡོད་ཅེས་བཤད།

ཟླ5པའི་ཚེས18ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་དང་དཔའ་ཤོད་རྫོང་ཁག་སོ་སོས་ཚོང་འགུགས་འོས་སྦྱོར་བྱེད་སྒོ་སྤེལ་ཏེ་ཕྱོགས་ཡོངས་ནས་ཆབ་མདོ་དང་དཔའ་ཤོད་རྫོང་གི་ས་ཁོངས་ཀྱི་དགེ་མཚན་དང་། ཡུལ་སྐོར་གྱི་ཐོན་ཁུངས། ཐོན་ལས་ཀྱི་དགེ་མཚན་བཅས་འགྲེམས་སྟོན་བྱས་པ་རེད། དེ་ལས་དཔའ་ཤོད་རྫོང་གི་རྣམ་གྲངས་མིང་རྟགས་འགོད་པའི་ནང་བོད་ཀྱི་ཐོན་རྫས་ཆབ་མདོ་ནས་ཐོན་པའི་མཁོ་འཚོང་མཉམ་ལས་གྲོས་མཐུན་དང་། དཔའ་ཤོད་དུང་དཀར་ཀྲའོ་ཝ5.9ཅན་གྱི་འོད་ཤུགས་དབྱངས་འདོན་གྱི་རྣམ་གྲངས་བཅས་སྤྱིའི་མ་འཇོག་སྒོར་ཁྲི4800བཏང་ཡོད། ཧྭ་ནུས་རྫ་ཆུ(ཆབ་མདོ)ནུས་རྒྱུ་གསར་པ་ཚད་ཡོད་ཀུང་ཟི་དང་། དཔའ་ཤོད་འོད་ཤུགས་གློག་འདོན་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར220ཟིན་ཡོད།

དེ་སྔ་རི་མཐོ་གཡང་གཟར་དང་ལམ་ཐག་རིང་བ་སོགས་ཀྱི་ཤུགས་རྐྱེན་གྱིས་ཆབ་མདོ་ཤེས་རྟོགས་ཐུབ་མཁན་ཉུང་བ་རེད། ཐེངས་འདིའི་དཔལ་འབྱོར་ཉོ་ཚོང་ཚོང་འདུས་སྤེལ་བ་དེས་ཆབ་མདོས་གོ་སྐབས་དམ་འཛིན་བྱས་ཏེ་རང་ངོས་ཀྱི་རྣམ་པ་འགྲེམས་སྟོན་དང་། ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བོད་ཤར་གྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་། ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ཡིད་དབང་འཕྲོག་པའི་མཛེས་སྡུག་བཅས་འཛམ་གླིང་གི་མདུན་གྲལ་དུ་བཤམས་པ་རེད། གོ་སྐབས་འདིས་ཆབ་མདོ་དང་ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར་གྱི་དཔལ་འབྱོར་ཉོ་ཚོང་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་བ་ཡིན་ལ། ས་ཁོངས་མི་འདྲ་བའི་རིག་གནས་ཀྱི་འགྲོ་འོང་དང་ཤེས་རྟོགས་ལ་སྐུལ་སྤེལ་དེ་བས་བཏང་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)