འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས9ཉིན། མཛོ་སྒང་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་ན་གཞོན་ལས་བྱེད་པའི་རིག་རྩལ་འགྲན་སྡུར་ཆེ་མོ་སྤེལ་བ་དང་། རྫོང་ཐད་གཏོགས་ཚན་པ་དང་ཤང་གྲོང་ཁག་གི་འགྲན་ཞུགས་རུ་ཁག17མཉམ་དུ་འཛོམས་ཏེ་རིག་རྩལ་སྨྱུ་གུར་བྱས་ནས་ན་གཞོན་ལས་བྱེད་པའི་ལྷག་བསམ་རྣམ་དག་གི་རི་མོ་བྲིས་པ་དང་། གླུ་སྐད་ཨང་རྟགས་བཟུང་ནས་དུས་རབས་གསར་པའི་འབད་འཐབ་པའི་ཉམས་པ་མེད་པའི་ལེའུ་རྩོམ་ཡོད།
《གོས་རྒྱན་འཁྲབ་སྟོན》ཁྲོད་འགྲན་སྡུར་དངོས་སུ་འགོ་ཚུགས་པ་དང་།《སེམས་ནང་གི་ཆབ་མདོ》ཡིས་མཛོ་སྒང་གི་བུ་ཕྲུག་ཚོས་ཆབ་མདོར་བཅངས་པའི་བརྩེ་བ་ཟབ་མོ་དང་།《བསོ་རང་བྲོ》ཞེས་པའི་ཞབས་བྲོ་ཡིས་ཁམས་པའི་བུ་མོ་ཚོའི་ཉམས་འགྱུར། མཉམ་ལེན《མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན》ཞེས་པས་དུས་རབས་གསར་པའི་ལས་བྱེད་ལས་བཟོ་པའི་མདུན་སྐྱོད་ཀྱི་བསམ་པའི་ཉམས་འགྱུར། གླུ་གཞས《མི་ཚེ》ཡིས་དུས་རབས་གསར་པའི་ལས་བྱེད་པའི་མི་ཚེར་བཟུང་བའི་རྣམ་འགྱུར། གླུ་གར《ང་ཚོས་གླུ་དབྱངས་མི་ལེན་ག་ལ་སྲིད》དང་གྱེར་འདོན《བོད་ཤར་མུ་ཏིག་ལ་འབུལ》ལས་བོད་ཤར་བུ་ཕྲུག་གིས་ཏང་གི་བཀའ་དྲིན་ཚོར་བ་དང་དུས་རབས་གསར་པའི་ལེའུ་གསར་པ་ཧུར་ཐག་འབྲི་བའི་དམ་བཅའ་བརྟན་པོ། རྐྱང་བྲོ《དར་རྒྱས་གོང་འཕེལ་འགྲོ་བའི་ས་མཐོ》ལས་བྲོ་མཁན་གྱིས་གནའ་དེང་གི་ཟུང་འབྲེལ་གྱི་ཞབས་བྲོ་ལམ་ནས་སྒྱུ་རྩལ་པའི་རེ་སྙེག གླུ་གར《སྣང་ཆེན་བཞི་དང་དགའ་ཞེན་བཞི》ནི་གཞི་རིམ་ཉེན་རྟོག་པའི་ལས་དོན་སྒྲུབ་མཁན་བསོད་ནམས་ཀྱིས་ཏང་རྟགས་འོག་ཏུ་རང་གི་བློ་སེམས་དང་ཆོད་སེམས་བརྟན་པོ་བཅས་མཚོན་ཡོད།
མཛོ་སྒང་རྫོང་སློབ་ཆུང་གཉིས་པའི་སློབ་གཙོ་ཀླུ་རྒྱལ་དོན་གྲུབ་ཀྱིས་ཐེངས་འདིའི་འགྲན་སྡུར་ཞུགས་པ་བརྒྱུད་ནས་དགེ་རྒན་ཚོས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་ནང་དོན་ལ་གོ་བ་ཟབ་མོ་བླངས་པ་དང་། འབྱུང་འགྱུར་སློབ་མའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་དང་དེ་བཞིན་ཁམས་པའི་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་སྔར་བས་བརྩི་མཐོང་བྱས་ཏེ། ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསར་འགོད་པར་བཤད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)