国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月13日

ཀྲོང་ཅིན་སུང་གིས་སུང་ཝེ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས8ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཧྭ་ནན་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ཚད་ཡོད་ཀུང་ཟིའི་ཏང་ཨུད་ཧྲུའུ་ཅི་ཏུང་ཧྲི་ཀྲང་སུང་ཝེ་དང་བཞུགས་མོལ་གནང་བ་རེད།

ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་སུང་ཝེ་དང་བཅས་པར་དགའ་བསུ་ཞུས་པ་དང་ཧྭ་ནན་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ཚད་ཡོད་ཀུང་ཟིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཆབ་མདོ་གྲོང་ཁྱེར་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ཐབས་ཇུས་དམིགས་འབེན་གྱི་མཛུབ་ཁྲིད་འོག དཔའ་ངར་ཆེན་པོས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”གདོང་ལེན་དམག་དཔུང་དང་གདོང་དམག་ཞིག་བརྩོན་ལེན་བྱེད་པའི་དུང་བརྡ་བཏང་བ་དང་། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན”རྒྱུའི་ལས་དོན་དམིགས་ཚད་ཁ་གསལ་བཏོན་ནས་ནུས་ཤུགས་ཡོད་རྒུས་ནུས་རྒྱུ་གཙང་མ་དང་། ལྗང་མདོག་གཏེར་ལས། རིག་གནས་ཡུལ་སྐོར+གནམ་ས་གཞི་གཅིག་ཅན་གྱི་འགྲིམ་འགྲུལ་འགག་སྒོ+ཞིང་འབྲོག་ལས་རིགས་ཀྱི“3+1+1”ལས་འགན་གལ་ཆེན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཞབས་ཞུ་དང་། འགན་ལེན། འདེགས་སྐྱོར་བཅས་བྱེད་དགོས་ཅེས་གསུངས་ཡོད།

ཀྲོང་ཅིན་སུང་གིས་ཉེ་བའི་ལོ་ཤས་རིང་། ཧྭ་ནན་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ཚད་ཡོད་ཀུང་ཟིས་ཆབ་མདོའི་ནུས་རྒྱུ་གཙང་མ་གསར་སྤེལ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། རོང་སྨད་ཆུ་གློག་ས་ཚིགས་སོགས་ཕྱོགས་ཡོངས་ནས་བསྐྲུན་འགོ་ཚུགས་་ཏེ་ཧྭ་ནན་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་རྟེན་གཞི་དེ་ལམ་ཐིག་ཧྲིལ་པོར་སྐུལ་འདེད་དང་མཐུན་སྦྱོར་གསར་སྤེལ་གྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གང་ལེགས་ཕུལ་ཡོད། ཧྭ་ནན་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ཚད་ཡོད་ཀུང་སིས་སྔར་བཞིན་ཆབ་མདོའི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གོ་ཧྭ་ནེང་ཚོགས་པའི་ཏུང་ཧྲི་ཀྲང་དབུན་ཧྲུའུ་ཀང་དང་བཞུགས་མོལ་གནང་སྐབས་ཀྱི་གསུང་བཤད་བླང་བྱ་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱེད་པ། ཀྲུང་དབྱང་དང་ས་གནས་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ལས་དོན་སྒྲུབ་སྟངས་གསར་གཏོད་བྱེད་པ། གྲོང་གསེབ་ཏུ་གཞུང་ལམ་འཛུགས་སྐྲུན་དང་། དམངས་འཚོའི་བྱ་གཞག ཚན་རྩལ་གསར་གཏོད་བཅས་ཀྱི་ཁྲོད་ཁྱད་དུ་འཕགས་པའི་ནུས་པ་འདོན་སྤེལ་བྱས་ཏེ་ཆབ་མདོས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོར་མིག་མཐོང་ལག་ཟིན་གྱི་དངོས་ཕན་སྔར་ལས་མང་བ་ཐོབ་རྒྱུར་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད་ལ། ཆབ་མདོས་སྔོན་མ་ནང་བཞིན་ཁེ་ལས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་ཞུགས་པར་རྒྱབ་སྐྱོར་བྱས་ཏེ་སྤུས་ལེགས་ཀྱི་ཞབས་ཞུ་མུ་མཐུད་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

སུང་ཝེ་ཡིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཀུང་སིར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཆབ་མདོའི་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་། མཛེས་ལྗོངས་ཐོན་ཁུངས་ཕུན་སུམ་ཚོགས་པ། མ་འཇོག་ཁོར་ཡུག་ལེགས་པ་བཅས་ནི་ཀུང་སི་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ས་ཁོངས་གལ་ཆེན་ཞིག་རེད། ཀུང་སིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆབ་མདོ་གྲོང་ཨུད་ཀྱི་ལས་དོན་ཁག་གི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཉིས་ཁེ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། བྱ་ཐབས་སྔར་བས་ཏན་ཏིག་གི་ཐོག་ནས་འབྱུང་འཕྲོད་ཐཱན་ཉུང་གི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མ་ལག་ལ་ཞབས་འདེགས་ཞུ་བ། སྟོབས་ཤུགས་སྔར་བས་ཆེ་བའི་ཐོག་ནས་ཆབ་མདོས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལག་ལེན་ཁྲོད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།