国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月13日

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུའི་ཐོག་ནན་བཤད་གནང་དོན།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ།ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བསམ་བློའི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། རང་རྟོགས་ཀྱིས་ཏང་གི་གསར་གཏོད་རིགས་གཞུང་གིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་ཀར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན”རྒྱུའི་ལས་དོན་དམིགས་ཚད་མངོན་འགྱུར་ཡོང་ཆེད་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་གིས་རིགས་གཞུང་གི་ཀླད་པ་གསལ་པོ་དེ་ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོར་འགྱུར་བ་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་རྣམ་འགྱུར་དེ་“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོབ་དང་།“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་ཐུབ་པའི་དོན་དངོས་བྱ་སྤྱོད་དུ་འགྱུར་བ་བཅས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་གིས“ཐུགས་ཁུར་གང་ཞིག་གནང་གིན་ཡོད་པ་དང་། ནན་བཤད་གང་ཞིག་གནང་གིན་ཡོད་པར”དོ་ཁུར་བྱེད་པ་དང་།

རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“བཀོད་སྒྲིག་གང་ཞིག་བྱས་པ་དང་། སྐུལ་འདེད་ཅི་ཞིག་གཏོང་གིན་ཡོད་པར”ཁོང་དུ་ཡང་དག་ཆུད་པ། ཆབ་མདོ་ནི“གང་ཞིག་ཡིན་པ་དང་། གང་ཞིག་སྒྲུབ་དགོས་པ། ཅིའི་ཕྱིར་ཡིན་པ། ཇི་ལྟར་སྒྲུབ་དགོས་པ། ”བཅས་ལ་བསམ་བློ་གཏིང་ཟབ་གཏོང་བ། རྒྱལ་ཁབ་ཀྱི་དགོས་མཁོ་དང་། བོད་ཀྱི་ཅི་ལྕོགས། ཆབ་མདོའི་ཁྱད་ཆོས། མང་ཚོགས་ཀྱི་རེ་འདོད་བཅས་ལ་དམིགས་ཏེ་ཐམས་ཅད་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་སྒྲུབ་དགོས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པའི་ཁྲོད་ཆབ་མདོའི་འགན་འཁྲི་ཁུར་བ་དང་ཆབ་མདོའི་ལེགས་སྐྱེས་འབུལ་དགོས།

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་“ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག”གི་ཚན་རིག་གི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་སྤྱད་དེ་འགོ་ཁྲིད་ཀྱི་ཐབས་ཤེས་དང་། བསམ་བློའི་ཐབས་ཤེས། ལས་ཀའི་ཐབས་ཤེས་བཅས་རྒྱུན་ཆད་མེད་པར་ལེགས་གཏོང་དང་མཐོར་འདེགས་གཏོང་བ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་པ”དང“ང་ཡིས་ཤར་གྱི་ཆེད་དུ་བརྩོན”“དོན་ཆེན་བཞི”དང་ཏང་འཛུགས་ལས་དོན། ལས་ཀའི་གྲུབ་འབྲས་དང་དཔྱད་དཔོག་གྲུབ་འབྲས་བཅས་ཀྱི་འབྲེལ་བ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ།“རྒྱུགས་འབུལ”དང“གསབ་རྒྱུགས”མཉམ་དུ་སྤྲོད་རྒྱུར་མཐའ་འཁྱོངས། ཡོད་མིན་དང་བཟང་ངན་མཉམ་དུ་ཐག་གཅོད་བཅས་བྱས་ཏེ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ཡིས་སྣེ་ཁྲིད་དུ་བཟུང་བ་དང་། “3+1+1”ལས་འགན་གལ་ཆེན་དམ་འཛིན་བྱ་གཞིར་བརྩིས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ”གྱི་གཟི་བརྗིད་དང་མཚན་སྙན་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།