འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར་གཏིང་ཟབ་བྱས་པ་དང་། 2025ལོའི་དུས་ཚིགས་དང་པོའི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད། གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་ཡོད།
ཆབ་མདོར་སྡོད་པའི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་དང་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་ཅི་ལྟར་བྱས་ཏེ་སྔར་བས་ལྷག་པའི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུའི་ཐད་རང་ངོས་ཀྱི་ལས་དོན་དངོས་དང་འབྲེལ་ནས་གཏམ་བཤད་བྱས་ཡོད།
ཀྲོང་ཅིན་སུང་གིས་ཉན་ཞོར་དུ་ཟིན་བྲིས་བཏབ་པ་དང་། ཚང་མ་དང་མཉམ་དུ་འབྲེལ་ཡོད་གནད་དོན་ལ་མཐའ་དཔྱོད་གནང་ཞིང་། ཁོང་གིས་མིག་སྔར་ཆབ་མདོ་འདི་ཉིད་ཐབས་བསྒྱུར་རིམ་སྤར་དང་ལ་བརྒལ་ཉག་སྒྲོལ་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་དང་ལེགས་ཆ་ཡོད་ལ། ཧེ་བག་དང་མི་འདང་བ་ཡང་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་ངེས་པར་དུ་གནས་བབ་ལ་ངོས་འཛིན་གསལ་པོ་དང་། དཀའ་ངལ་ལ་གདོང་ལེན།
ཡིད་ཆེས་བརྟན་གཏོང་བཅས་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་བྱས་ནས་དགེ་མཚན་སྟོབས་ཆེར་གཏོང་བ་དང་ཁྱད་ལྡན་ལེགས་སུ་གཏོང་དགོས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཁྲིད་སྟོན་དུ་བཟུང་ནས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གལ་ཆེན་དང་བཀོད་སྒྲིག་བྱས་པའི་ཐོག་གཅིག་གྱུར་ཡོང་བ་དང་།“ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ཆབ་མདོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ་ལྗོངས་ཡོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཆབ་མདོའི་འཁུར་འོས་པའི་འགན་འཁྲི་འཁུར་བ་དང་ཆབ་མདོའི་འབུལ་འོས་པའི་ལེགས་སྐྱེས་ཕུལ་དགོས།“3+1+1”ལས་འགན་གལ་ཆེན་གྱིས་འདེགས་སྐྱོར་བྱས་ཏེ་རྣམ་གྲངས་གཙོ་བོ་བཟུང་རྒྱུར་མཐའ་འཁྱོངས་བྱེད་པ་དང་། “གནས་དང་ཐིག ངོས”བཅས་ཀྱི་བྱ་ཐབས་སྨྲ་བ་སྤྱད་དེ་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སྒྲིག་གཞི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། རྣམ་གྲངས་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ནུས་རྒྱུ་གཙང་མ་དང་། སྔོ་ལྗང་གཏེར་ལས། རིག་གནས་ཡུལ་སྐོར་ཐོན་ལས། འགྲིམ་འགྲུལ་འགག་སྒོ། ཞིང་འབྲོག་ལས་སོགས་གོང་འཕེལ་གཏོང་བའི་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་འདེགས་སྐྱོར་བྱེད་དགོས། དཔྱད་ཞིབ་མཇུག་འབྲས་ཁྲིད་སྟོན་དུ་བཟུང་ནས་ཏང་གི་འགོ་ཁྲིད་ཀྱིས་དཔལ་འབྱོར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་།“འགན་ལེན་གསུམ་དང་བརྩོན་ལེན་གཅིག”དམིགས་ཚད་ཀྱི་མཐའ་འཁོར་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་རྒྱུན་ཆད་མེད་པར་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་བྱེད་པ་དང་། དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་དང་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་དོན་ངོ་མའི་ཐོག་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)