འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5ཚེས8ཉིན། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། རྫོང་(ཆུས)11གི་ཏང་ཨུད་ཀྱི་སྤྱི་ཚོགས་ལས་དོན་འགོ་ཁྲིད་དང་པུའུ་ཀྲང་ཁག་ཅིག གྲོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་པུའི་ལས་ཐོག་ཚན་ཁག་གི་ཁོངས་མི། སྡེ་ཚོགས་གྲོང་ཨུད་དང་ཆོས་ཁྲི་ཁ་སྡེ་ཁུལ། གྲོང་ཁྱེར་རིམ་པའི་གསར་གཉིས་རྩ་འཛུགས་སོགས་ལས་རིགས་ཁག་གི་ཏང་ཨུད་ཀྱི་མི་སྣ་ཚོགས་འདུ་ཞུགས་ཡོད།
ཚོགས་འདུའི་ཐོག འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤེལ་རེས་གཏམ་བཤད་གནང་བ་དང་། རྫོང་ཆུས་ཁག་གི་ཚོགས་ཞུགས་མི་སྣས་ཧྲུའུ་ཅི་ཀྲོང་ཅིན་སུང་དང་ཧྲེ་ཀྲང་ལའོ་ཆིན་འུའུ་ཡི་གྲོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་གྲོས་བསྡུར་གནང་བར་མ་ཟད་རང་རེའི་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་དོན་ལ་ཇི་ལྟར་ཤུགས་སྣོན་རྒྱག་རྒྱུའི་ཐད་རྩ་ཆེའི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)