国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月13日

ཆབ་མདོ་གྲོང་ཁྱེར་གྱི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཆེད་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 2025ལོའི་ཆབ་མདོ་གྲོང་ཁྱེར་གྱི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཆེད་དོན་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་བཅོས་སྒྲིག་མེད་པར་བཟོ་རྒྱུའི་ལག་བསྟར་ཞིབ་སྲོལ》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་གསན་པ་རེད།

ལའོ་ཆིན་འུའུ་ཡིས་དུས་ཐོག་ཏུ་ཞིབ་བཤེར་བསུ་བའི་ལས་དོན་ཚོགས་ཆུང་འཛུགས་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གི་གཙོ་བོའི་སྟོབས་ཤུགས་གཅིག་སྡུད་བྱེད་པ། འགན་འཁྲི་ཁག་བགོས་ཁ་གསལ། ཞིབ་བཤེར་བསུ་བའི་ལས་དོན་ཁག་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བཅས་བྱ་དགོས། མགྱོགས་མྱུར་དུ་ཞིབ་བཤེར་བསུ་བའི་ལས་དོན་གྱི་འཆར་གཞི་བཟོ་བ་དང་། དཔྱད་གཞིའི་ཞིབ་ཐོ་ཁྱོན་ཡོངས་ནས་ལེགས་སྒྲིག ལས་འགན་བཀོད་སྒྲིག་ཞིབ་ཚགས། དུས་ཚོད་དང་ལྷུ་ཚིགས་ལྡོག་སྒྲིག གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བཅས་བྱ་དགོས། ཞིབ་བཤེར་བསུ་བའི་ལས་ཀའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དོན་སྙིང་དང་ཞིབ་བཤེར་བསུ་བའི་ལས་ཀའི་བྱེད་ཐབས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ། གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་ཞུགས་ཚད་ཇེ་མཐོར་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་ཐུན་མོང་ཐོག་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱ་དགོས་པའི་ནན་བཤད་གནང་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)