国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月13日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས77པ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5པའི་ཚེས་9ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས77པ་གཙོ་སྐྱོང་གནང་ནས་དོན་ཚན་ཁག་ལ་ཞིབ་འཇུག་བྱས་ཡོད་པ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཅན་ཧྭ་དང་། ལིས་གོ་ཅན། ཕུའུ་ཡུས་ཧུའེ། ཉི་མ་ཚེ་རིང་། མིག་ཚེ(ཧྲེ་ཀྲང་གཞོན་པའི་འོས་མི) ཐོགས་མེད་ཤེས་རབ། ཡང་ཝུན་ཧྲེན། ཀའོ་ཞའོ་ཏུང(ཧྲེ་ཀྲང་གཞོན་པའི་འོས་མི)བཅས་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་དོན་ཚན་ཁག་ལ་ཞིབ་འཇུག་བྱས་ཡོད། གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། མ་དངུལ་འགན་སྲུང་རྨང་གཞི་བཟུང་བ་དང་། ཚན་རྩལ་གྱི་ནུས་པ་འདེགས་སྐྱོར་དུ་བྱས་ཏེ་གྲོང་ཁྱེར་དག་བཤེར་དང་གློག་སྒྲོན་རིམ་སྤོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་ཁྱེར་གྱི་གཟུགས་བརྙན་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་གློག་སྒྲོན་སྒྲིག་བཀོད་དང་འཁོར་སྐྱོད་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་60འཁོར་བའི་རྟེན་འབྲེལ་ཆེ་མོར་བདེ་འཇགས་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་བསྐྲུན་དགོས་ཞེས་བསྟན།

ཚོགས་འདུའི་ཐོག《2025ལོའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ཀྱི་གྲོང་ཁྱེར་རིམ་པའི་ལེ་ལག་གི་མ་དངུལ་ཐག་གཅོད་བྱེད་པའི་དགོངས་སྐོར་སྙན་ཞུ》ལ་ཞིབ་འཇུག་བྱས་པ་རེད། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ནི“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ཀྱི་ལྟེ་བའི་གཞི་རྟེན་ཡིན་པས་མ་དངུལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་མ་དངུལ་བཀོད་སྒྲིག་ལེགས་སུ་བཏང་ནས་ཆེད་དངུལ་ཆེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། ལས་གྲྭའི་སྤུས་ཚད་ནན་པོ་དང་། ལག་བསྟར་འཛུགས་སྐྲུན་གྱི་ཚད་གཞི་ནན་པོ་བྱས་ནས་བརྟག་བཤེར་ཐེག་ཐུབ་པའི་རྣམ་གྲངས་བསྐྲུན་དགོས།ལྟ་སྐུལ་དོ་དམ་ཀྱི་ལམ་སྲོལ་དང་བྱ་ཐབས་འཐུས་ཚང་དུ་གཏོང་བ་དང་།“རྣམ་གྲངས་ཀྱི་ཞིབ་ཐོ་ལ་མ་དངུལ་གྱི་རྩིས་ཐོ་སྣོན་པའི”འགུལ་རྣམ་དོ་དམ་མ་ལག་བཙུགས་ནས་མ་དངུལ་སྒེར་སྤྱོད་དང་བཀག་ཉར་བྱེད་པ་གཏན་འགོག་བྱས་ཏེ་དངུལ་སྐར་མ་རེ་རེ་བཞིན་གྱིས་སྤྱོད་གོ་ཡག་ཤོས་ཆོད་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)