འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས30ཉིན་གྱི་སྔ་དྲོར།“རྒྱལ་སྟོབས་སྤེལ་འདུན། གཞོན་ནུས་གླེང་བ”ཞེས་པའི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཆད་ཁྲིད་ཆེ་མོ་དང་ལྔ་བཞིའི་གཞོན་ནུའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་དང་། ཀྲང་ཅན་ཧྭ་དང་། རྡོ་རྗེ་དགྲ་འདུལ། སྒྲོལ་དཀར་བཅས་ཞུགས་ཡོད།
བཞུགས་མོལ་ཚོགས་འདུའི་ཐོག་བྱམས་པ་དབང་ཆེན་དང་། ཚུའེ་ཤིན་ཡུའེ། ལིས་ཧུང་ཧྥུང་། བྱམས་པ་རིག་འཛིན། ཚེ་རིང་ཆོས་སྒྲོན། ཀྲེན་ཅང་རུའེ་བཅས་ཕུལ་བྱུང་གཞོན་ནུ་འཐུས་མི6གིས་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་གླེང་གཞིར་བྱས་ཏེ་གཏམ་བཤད་སྤེལ་ཡོད། ཀྲོང་ཅིན་སུང་གིས་གཏམ་བཤད་ལ་ནན་ཏན་ངང་གསན་པ་དང་སྐབས་སྐབས་སུ་གནད་དོན་ཁ་ཤས་གཞོན་ནུ་གྲོགས་པོ་ཚོ་དང་སྤེལ་རེས་གནང་བས་དེ་གར་དགའ་སྤྲོའི་རྣམ་པས་ཁེངས་བཞིན་ཡོད་པ་རེད།
གཏམ་བཤད་གསན་རྗེས། ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་རྒྱ་ཆེའི་གཞོན་ནུ་ཚོས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཚང་མས་རྒྱུན་མཐུད་འབད་འཐབ་དང་། དཀའ་སྤྱད་མདུན་སྐྱོད་བཅས་བྱས་ཏེ།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན”པའི་ལག་ལེན་ཁྲོད་ལང་ཚོའི་རྔུལ་ཆུ་གཏོར་བ་དང་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཆབ་སྲིད་ཚད་ལོན་པའི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱེད་དགོས་ཤིང་། “གཏན་འཁེལ་གཉིས་ཀྱི”ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཉམས་སད་ཐེག་པའི་འཇོན་ཐང་ཞུན་བརྡར་བཏང་སྟེ། ལས་འགན་ལྕི་མོ་འཁུར་བའི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱེད་དགོས་ཤིང་། སྦྱངས་པ་གོ་ཆོད་མཐའ་འཁྱོངས་བྱས་ཏེ་ལག་ལེན་སྦྱོང་བརྡར་ཁྲོད་འགན་འཁྲི་འཁུར་ཕོད་པའི་འཇོན་ཐང་ངོ་མ་ཞུན་བརྡར་བཏང་ནས་རང་ངོས་ཁྱབ་ཁོངས་ཀྱི་འཇོན་ཐང་ཅན་དང་གཞོན་ནུའི་མིག་དཔེ་ཞིག་ཏུ་འགྱུར་བ་བྱེད་དགོས། གསར་གཏོད་གསར་སྐྲུན་བྱེད་ཕོད་པ་བྱས་ཏེ་སྒྱུར་བཅོས་གསར་འབྱེད་ཀྱི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱེད་དགོས་ཤིང་། “དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”དམ་པོར་དམིགས་པ། “3+1+1”ལས་འགན་གལ་ཆེན་ལ་དམིགས་ཏེ། སྲོལ་རྙིང་མཁྲེགས་གཏོར་དང་བློ་སྤོབས་ཆེན་པོས་འཚོལ་ཞིབ་བཅས་བྱས་ནས་གདོང་དམག་དང་སྟོབས་གསར་དམག་དཔུང་ཞིག་ཧུར་ཐག་བྱེད་དགོས། འགྱུར་མེད་ཀྱི་དཀའ་སྤྱད་འབད་འཐབ་བྱས་ཏེ་དཀའ་སྤྱད་མདུན་སྐྱོད་བྱེད་པའི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱེད་དགོས་ཤིང་། གསར་བརྗེའི་སྔོན་རབས་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་རྒྱུད་འཛིན་བྱས་ཏེ། སྡུག་བསྲན་ཐེག་ཐུབ་པ་དང་། འབད་འཐབ་བྱེད་ཕོད་པ། དོན་དངོས་སྒྲུབ་པ་བྱས་ནས་བྱས་རྗེས་རྩེ་གྲ་ཧུར་ཐག་གཏོད་དགོས། བླ་ན་མེད་པའི་གཤིས་རྒྱུད་ཞུན་བརྡར་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་གྱི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱེད་དགོས་ཤིང་། རང་འགུལ་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ་དང་། བསམ་བློའི་ཀུན་སྤྱོད་ཀྱི་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་སྣེ་ཁྲིད་དེ་དར་སྤེལ་གཏོང་དགོས་པའི་སྐུལ་ལྕག་གནང་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)