国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月06日

ཆབ་མདོ་གྲོང་ཁྱེར་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཧྥུའུ་ཅན་དུ་བསྐྱོད་དེ་རྟོག་ཞིབ་དང་སློབ་སྦྱོང་སྤེལ་རེས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས19ཉིན་ནས་ཚེས30ཉིན་བར་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་ཁག་བཅུ་པའི་རྒྱབ་སྐྱོར་དང་། ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ་ཡིས་ཆོས་ལུགས་ལས་རིགས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། གཞོན་ནུ་ཨུ་ཡོན་དེ་བཞིན་བུད་མེད་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་བཅས་ཁྱོན་མི41ཧྥུའུ་ཅན་དུ་བསྐྱོད་དེ་རྟོག་ཞིབ་དང་སློབ་སྦྱོང་སྤེལ་རེས་བྱེད་སྒོ་སྤེལ་བ་རེད།

ཧྥུའུ་ཀྲིག་ལིན་ཙེ་ཞུའུ་དྲན་གསོ་ཁང་དང་། མའོ་ཙེ་ཏུང་དྲན་གསོ་ཁང་། ཀུའུ་ཝུན་ཁྲང་དྲན་རྟེན་ཁང་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་རུ་གསར་བརྗེའི་རིག་གནས་འགྲེམས་སྟོན་ཁང་ལ་ལྟ་སྐོར་དང་། གསར་བརྗེའི་ལོ་རྒྱུས་ལ་ཉན་པ་རེད།

ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཚོས་རྟོག་ཞིབ་བྱས་པ་བརྒྱུད་ལྟ་རྒྱ་དང་མཐོང་རྒྱ་ཆེ་རུ་ཕྱིན་ཡོད། རྗེས་མར་ཉམས་ལེན་དང་འཚོ་བའི་ཁྲོད་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟམ་མི་ཆད་ཆེ་རུ་བཏང་ནས་ཆོས་ལུཊ་ལས་རྒྱལ་ཁབ་གཙོ། འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ། ཆོས་པ་ལས་སྤྱི་དམངས་གཙོ་བའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ཡིན། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན”པའི་ལས་དོན་དམིགས་ཚད་མངོན་འགྱུར་ཡོང་བར་ཆོས་ལུགས་ལས་རིགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)