འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས1ཉིན་ཆབ་མདོ་གྲོང་ཁྱེར་གྱི“རིག་གནས་ཡུལ་སྐོར་ཟླ་བའི”བྱེད་སྒོ་སྐབས་བདུན་པ་དེ་ཇ་རྟའི་ཐང་ཆེན་དུ་སྤེལ་མགོ་ཚུགས་པ་རེད། ཐེངས་འདིའི་བྱེད་སྒོ་ཡིས“དམར་མདངས་ཆབ་མདོ། བོད་ཤར་མུ་ཏིག”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འགྲེམས་སྟོན་དང་། ཐུན་མོང་མ་ཡིན་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཚོང་དེ་བཞིན་ཕྱོགས་ཡོངས་ནས་ཡུལ་སྐོར་འོས་སྦྱོར་སོགས་ཀྱི་རྣམ་པ་བརྒྱུད། བོད་ཤར་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྐོར་གྱི་མཛེས་སྡུག་མངོན་པར་བྱས་ཡོད།
སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཡས་མས་སུ་ཁམས་པའི་རིག་གནས་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་གླུའི་གདངས་དབྱངས་དང་གར་གྱི་ཉམས་འགྱུར་ལ་ས་གནས་ས་ཐོག་གི་ལྟད་མོ་བ་ཚོས་དགའ་བསུ་ཆེན་པོ་ཐོབ་ཡོད།
ཐེངས་འདིའི“རིག་གནས་ཡུལ་སྐོར་ཟླ་བའི”བྱེད་སྒོ་དེ་མུ་མཐུད་ཟླ་བ་གསུམ་རིང་གི་སྤེལ་རྒྱུ་ཡིན་ཞིང་། དེའི་རིང་ལ་དམངས་ཕན་འཁྲབ་སྟོན་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཡུལ་སྐོར་འོས་སྦྱོར། ཉོ་འཚོང་ལ་སྐུལ་འདེད་གཏོང་བའི་འཛད་སྤྱོད་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་མང་པོ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། ཆབ་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྒོ་དབྱེའི་མཉམ་ལས་གཞི་རྩ་བཟུང་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གསོན་ཤུགས་བསྩལ་རྒྱུ་ཡིན་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)