国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月06日

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་ལ་རེ་བཅོལ་བཀའ་སློབ་གནང་བ།

ཟླ4པའི་ཚེས30ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་2025ལོའི་གུང་གཞོན་ཚོགས་པའི་ཚོགས་མི་གསར་པ་གུང་གཞོན་ཚོགས་པའི་ནང་ཞུགས་པའི་མཛད་སྒོ་དང་“ལོ་ན་བཅོ་བརྒྱད་སོན་པའི་ལང་ཚོ་དར་བབ་ཀྱི་ལེགས་སྐྱེས”གཅིག་སྡུད་དམ་བཅའ་འཇོག་པའི་མཛད་སྒོ་ཞུགས་པ་དང་། འདི་ནི་ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་ལ་རེ་བཅོལ་བཀའ་སློབ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས30ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་2025ལོའི་གུང་གཞོན་ཚོགས་པའི་ཚོགས་མི་གསར་པ་གུང་གཞོན་ཚོགས་པའི་ནང་ཞུགས་པའི་མཛད་སྒོ་དང་“ལོ་ན་བཅོ་བརྒྱད་སོན་པའི་ལང་ཚོ་དར་བབ་ཀྱི་ལེགས་སྐྱེས”གཅིག་སྡུད་དམ་བཅའ་འཇོག་པའི་མཛད་སྒོ་ཞུགས་པ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་གྲོགས་པོ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། རེ་བ་ལ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་བཅས་བྱས་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་ཧུར་ཐག་བྱེད་དགོས།

གྲོང་ཁྱེར་གྱི་འགོ་ཁྲིད་ལའོ་ཆིན་འུའུ་དང་། ཀྲང་ཅན་ཧྭ། རྡོ་རྗེ་དགྲ་འདུལ། སྒྲོལ་དཀར་བཅས་བྱེད་སྒོ་ནང་ཞུགས་ཡོད།

2025ལོའི་གུང་གཞོན་ཚོགས་པའི་ཚོགས་མི་གསར་པ་གུང་གཞོན་ཚོགས་པའི་ནང་ཞུགས་པའི་མཛད་སྒོ་དང་“ལོ་ན་བཅོ་བརྒྱད་སོན་པའི་ལང་ཚོ་དར་བབ་ཀྱི་ལེགས་སྐྱེས”གཅིག་སྡུད་དམ་བཅའ་འཇོག་པའི་མཛད་སྒོ་དེ་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོར་སྤེལ་བ་དང་། རྔམ་བརྗིད་ལྡན་པའི་རྒྱལ་དར་འོག་ཏུ་གུང་གཞོན་ཚོགས་པའི་ཚོགས་མི་གསར་པས་བཀྲག་མདངས་འཚེར་བའི་གུང་གཞོན་ཚོགས་པའི་མཚན་རྟགས་བཏགས་ཏེ་ལག་གཡས་པའི་ཁུ་ཚུར་ཡར་བསྒྲེངས་ནས་དམ་བཅའ་བཞག་པ་རེད།

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་གུང་གཞོན་ཚོགས་པའི་ནང་ཞུགས་པའི་ཚོགས་མི་གསར་པར་རྟེན་འབྲེལ་དང་ལོ་ན་སོན་པའི་སློབ་གྲོགས་ཚོར་སྨོན་འདུན་ཞུས་པ་རེད། ཁོང་གིས་ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ་དང་། “ལམ་གཉིས་ཀྱི་སྙིང་སྟོབས”དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”གསོ་སྐྱོང་བྱ་ཡུལ་དང་རྒྱུད་འཛིན་བྱ་ཡུལ། བོད་དུ་ཏང་དྲིན་ཚོར་སྔ་ཤོས་དང་། ཏང་ལ་དགའ་ཞེན་ཆེ་ཤོས། ཏང་ལ་གསུང་ལ་ཉན་ཆེ་ཤོས། ཏང་དྲིན་ཚོར་ཆེ་ཤོས། ཏང་གི་རྗེས་སུ་འབྲངས་པའི་བློ་སྤོབས་ཆེ་ཤོས་བཅས་ཀྱི་ས་ཆ་ཞིག་ཡིན་པས། ཆབ་མདོའི་གཞོན་ནུ་ཚོའི་ལྷན་འཛོམས་བྱུང་ནས་འཇོན་ནུས་ངོམས་པའི་གར་སྟེགས་ཧ་ཅང་རྒྱ་ཆེ་ལ། ཕུགས་འདུན་མངོན་འགྱུར་བྱེད་པའི་མདུན་ལྗོངས་འོད་སྟོང་ལྡན་པ་ཡོད་ཅེས་གསུངས།

ཀྲོང་ཅིན་སུང་གིས་གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། དུས་རབས་གསར་པའི་གཞོན་ནུ་ཚོ་ནི་ལོ་རྒྱུས་ཀྱི་བདེན་དཔང་མཁན་ཡིན་ལ། འབྱུང་འགྱུར་གྱི་གསར་གཏོད་པ་དེ་བས་ཀྱང་ཡིན། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ མེས་རྒྱལ་ལ་ལྷག་བསམ་རྣམ་དག་བྱེད་པ། མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པ། འབད་འཐབ་པ་ཞིག་ཧུར་ཐག་བྱེད་པ། ཤེས་བྱར་ཡོན་ཏན་བརྩོན་པ། འཇོན་ཐང་སྦྱོང་བ། བསམ་སྦྱོར་གཅིག་མཐུན། ལས་དོན་དངོས་སྒྲུབ་མཁན་ཞིག”བྱེད་པའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། བསྲན་བཟོད་པ། འབད་འཐབ་ཐུབ་པའི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བརྩོན་ལེན་བྱེད་པ་དང་། འབད་འཐབ་ཀྱི་ཉམས་འགྱུར་ཐོག་ནས་ལང་ཚོར་ངར་ཤུགས་སྩོལ་བ་དང་། མི་ཚེ་གསར་འབྱེད། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་བཅས་བྱས་ནས། “ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ”གྱི་གཟི་བརྗིད་དང་མཚན་སྙན་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་ཅེས་གསུངས།

(དཔལ་ཐར་རྒྱལ་གྱིས་བསྒྱུར)