འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་དེ་བཞིན་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། ཕྱོགས་བསྡུས་བཅོས་སྐྱོང་། དུས་བདེ་འཛུགས་སྐྱོང་བཅས་ཀྱི་གནས་ཚུལ་སྙན་ཞུར་གསན་ཞིང་། འབྲེལ་ཡོད་ཀྱི་ལས་དོན་བཀོད་སྒྲིག་གནང་བ་རེད།
ཀྲོང་ཅིན་སུང་གིས་འདི་ལོ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་གྲོང་ཨུད་ཀྱི་སྣེ་ཁྲིད་འོག
གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་སྔར་ལས་ལྷག་པར་བྱས་ཏེ། ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་བས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ལ་འཆམ་མཐུན་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད་ཅེས་གསུངས།
ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་ཏན་ཏིག་ངང་མཐོ་རུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཁྱོན་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།“ལྷུ་ཚིགས་གསུམ”དམ་འཛིན་དང་། “འཇོན་ནུས་གསུམ་གོང་མཐོར་གཏོང་བ”“ལམ་སྲོལ་གསུམ”འཛུགས་པ་བཅས་བྱ་ཐབས་གཙོ་བོར་བརྩིས་ཏེ། རྟག་ཏུ་ཉེན་བརྡ་གཏོང་བ་དང་རྒྱུན་དུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མཐའ་ཚད་འཛིན་སེམས་དང་མཐར་ཟད་བསམ་གཞིག་ལ་ཤུགས་སྣོན་བརྒྱབ་སྟེ་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། རྩ་ལག་ཟུང་བཅོས་བྱ་རྒྱུ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ། “ཡན་ལག་བཅོས་རྒྱུ”ནས་འགོ་བཙུགས་ཏེ། ཁྲིམས་ལྟར་བཅོས་སྐྱོང་མཐའ་འཁྱོངས་དང་། རྒྱུན་ལྡན་ཅན་གྱི་ཁྲིམས་སྐྱོང་སློབ་གསོར་དམ་འཛིན་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་མཐའ་དག་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱེད་དགོས། “རྩ་བ་བཅོས་རྒྱུ”ལ་ཤུགས་བརྒྱབ་ནས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། མང་ཚོགས་ལ་སྐུལ་སློང་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། དྲིལ་བསྒྲགས་ཡག་པོ། ཞབས་ཞུ་ཡག་པོ། ཁྲིད་སྟོན་ཡག་པོ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དེ་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་སྐྲུན་དགོས། དབྱར་རྩ་དགུན་འབུ་འཚོལ་བསྡུ་དང་ཞབས་ཞུའི་དོ་དམ་ནན་ཏན་དང་ཞིབ་ཚགས་ཀྱིས་ཡག་པོ་བྱས་ཏེ། “དབྱར་རྩྭ་དགུན་འབུའི་གུང་གསེང”མེད་པར་བཟོས་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་སྟེ། མངོན་མེད་རྐྱེན་ངན་ཞིབ་བཤེར་དང་གནད་ལ་འཁེལ་བའི་ཁྲིམས་ལུགས་ཁྱབ་གདལ་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ། དབྱར་རྩྭ་དགུན་འབུ་འཚོལ་བསྡུ་བྱེད་རིང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། སྲིད་ཁྲིམས་འཐབ་ཕྱོགས་ཀྱི་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དེ་གོ་སྐབས་སུ་བརྩིས་ཏེ། “ལས་ཁུངས་སྤུས་ལེགས་པོ་དང་། ཉེན་རྟོག་པ་ཡག་པོ། གཞི་རིམ་སྟོབས་ཆེན་པོ། རྨང་གཞི་བརྟན་པོ་བཅས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། སྲིད་ཁྲིམས་མངའ་ཁོངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ལས་དོན་ལ་དམ་འཛིན་བྱས་ཏེ། ཏང་ལ་ལྷག་བསམ་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་བསྟར་གཞུང་དྲང་། སྒྲིག་ཁྲིམས་དམ་ནན་བཅས་ཀྱི་ཆབ་མདོའི་སྲིད་ཁྲིམས་ལྕགས་དམག་ཅིག་ཆགས་ཐུབ་པར་བྱས་ནས། གྲི་མགོ་དེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལག་ཏུ་བརྟན་པོར་འཛིན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།