国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月25日

གོ་འཇོ་རྫོང་གིས་ནུས་ཁུངས་གཙང་མའི་ལག་རྩལ་འགྲན་སྡུར་སྤེལ་བ།

འདི་ནི་འགྲན་ཞུགས་པས་ཉི་ནུས་སྒྲིག་ཆས་སྒྲིག་བཀོད་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གོ་འཇོ་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་དེང་རབས་ཐོན་སྐྱེད་ལག་རྩལ་གྱི་ནུས་ཁུངས་གཙང་མའི་ཨར་ལས(ཉི་ནུས་སྒྲིག་ཆས་སྒྲིག་བཀོད)འགྲན་སྡུར་དེ་ལྷ་ཐོག་རྩྭ་ཐང་དུ་སྤེལ་བ་རེད། འབོ་ལོ་གྲོང་རྡལ་དང་། ལྷ་རྒྱལ་ཤང་། ལྷ་ཐོག་ཤང་སོགས་ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་ཞིང་འབྲོག་པའི་འགྲན་ཞུགས་པ30ལྷག་གིས་དུས་རབས་གསར་པའི་ཞིང་འབྲོག་པའི་ལག་རྩལ་ཉམས་འགྱུར་མངོན་ཡོད།

ཐེངས་འདིའི་བྱེད་སྒོ་ཡིས་ལག་རྩལ་འགྲན་སྡུར་དང་། ཉམས་མྱོང་མཉམ་སྤྱོད། ས་ཐོག་ཏུ་ཆིངས་འགོད་སོགས་ཀྱི་རྣམ་པའི་ཐོག་ནས་གོ་འཇོ་རྫོང་གི་ཞིང་འབྲོག་པའི་ལས་རིགས་ལག་རྩལ་ངོམ་པ་དང་། ལས་ཞུགས་སྦྲེལ་མཐུད་ཀྱི་སྟེགས་བུ་བསྐྲུན་པ་སོགས་བྱས་ཏེ། ས་གནས་དེ་གའི་ནུས་ཁུངས་གསར་མའི་ཐོན་ལས་འཕེལ་རྒྱས་འགྲོ་བར་གསོན་ཤུགས་གསར་པ་ཞིག་བསྣན་ཡོད། གོམ་སྟབས་རྗེས་མར། གོ་འཇོ་རྫོང་གིས་འགྲན་སྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། སློབ་སྦྱོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་འགྲོ་བར་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།