འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་གྱི་སྡེ་ཁུལ་གྱི་ལས་དོན་པའི་ཆབ་སྲིད་ཀྱི་སྤུས་ཚད་དང་ལས་ཀའི་སྤུས་ཚད་སྔར་བས་མཐོར་འདེགས་བཏང་སྟེ། སྡེ་ཁུལ་གྱི་ཆབ་སྲིད་ཀྱི་ནུས་པ་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་ཆེད། གྲོང་ཨུད་ཀྱིས་ཆོག་མཆན་ཐོབ་པ་བརྒྱུད། ཟླ4པའི་ཚེས22ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་གྱི་ལས་དོན་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དེ་ཆབ་མདོར་དངོས་སུ་འགོ་ཚུགས་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའི་འགན་འཁུར་བློ་མཐུན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སློབ་སྦྱོང་གི་ངོས་འཛིན་ཟབ་ཏུ་གཏོང་བ། སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་མཐའ་འཁྱོངས། གསོ་སྦྱོང་གི་སྒྲིག་ཁྲིམས་དམ་པོ་སྲུང་བ་སོགས་ཕྱོགས་བཞིའི་ཐད་ནས་སློབ་མར་རེ་བ་བཏོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན་བཞི་ཡིན་ཞིང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་ནས་ཡོང་བའི་སྡེ་ཁུལ་གྱི་འཐབ་ས་དང་པོའི་ལས་དོན་པ་དང་དོ་དམ་མི་སྣ141གསོ་སྦྱོང་ནང་ཞུགས་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)