འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས23ཉིན་གྱི་དགོང་མོར། ཆབ་མདོ་གྲོང་ཁྱེར་དཔེ་མཛོད་ཁང་གིས་2025ལོའི་འཛམ་གླིང་དཔེ་ཀློག་ཉིན་མོའི་མཚན་ཚོགས་དང་“དཔེ་ཀློག་ལ་སྤྲོ་བའི”ཚོགས་འདུ་ཐེངས23པ་གཉེར་བ་རེད།
བྱེད་སྒོའི་ཐོག་ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་མ་ཞུང་ཡུག་རེན་གྱིས་དཔེ་ཀློག་ལ་དགའ་མོས་མཁན་དག་ལ《ལག་པ་ཡ་གཅིག་ཅན་གྱི་བུ་མོའི་སྤོབས་པ》ཞེས་པར་མཉམ་སྤྱོད་བྱས་པ་དང་། དེའི་རིང་“དཔེ་ཀློག་ལ་སྤྲོ་བའི་སྐར་ཆེན”ཞེས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་བསྡུས་ཏེ2025ལོའི་དུས་ཚིགས་དང་པོའི་ཕུལ་བྱུང་ཀློག་པ་པོ་ལ་བྱ་དགའ་སྤྲད་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)