འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས22ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞི་སྒྲུབ་གཉེར་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝུའུ་དབྱིང་ཧའེ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཧུའུ་ཏན་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།
ཚོགས་འདུའི་ཐོག་གྲོང་ཁྱེར་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་སྐབས་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་གཞི་གཉེར་སྒྲུབ་བྱ་ཚུལ་དང་དེ་བཞིན་སྐབས་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞི་བསྡུ་སྒྲིག་བྱ་ཚུལ་བརྡ་ཁྱབ་བཏང་བ་དང་། གྲོང་ཁྱེར་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་གྲོང་ཨུད་གཞུང་དོན་ཁང་དང་། གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་བར་གྲོས་གཞི་རྩིས་སྤྲོད་ཡི་གེའི་ཐོག་མིང་རྟགས་བཀོད་པ། གྲོང་ཁྱེར་སློབ་གསོ་ཅུས་དང་། གྲོང་ཁྱེར་ཆུ་བེད་ཅུས། གྲོང་ཁྱེར་འགྲིམ་འགྲུལ་ཅུས་བཅས་ཀྱིས་གྲོས་གཞི་འགན་སྒྲུབ་ཚན་པའི་ཚབ་ཞུས་ནས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)