国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月25日

གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི2025ལོའི་སློབ་སྦྱོང་ཚོགས་འདུ་ཐེངས4པ་འཚོགས་པ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་གྱིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

རྡོ་རྗེ་དགྲ་འདུལ་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་སློབ་སྦྱོང་སློབ་གསོའི་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། དམིགས་ཚད་ཀྱི་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བཏང་སྟེ། ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཁོང་དུ་ཆུད་པར་བྱེད་པ་དང་། “སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། ལས་ཀའི་བྱ་ཐབས་དོན་འཁྱོལ་བྱས་ཏེ་སློབ་སྦྱོང་སློབ་གསོའི་འགག་རྩ་དང་གཙོ་གནད་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། ཆེད་དོན་དཔེ་ཀློག་འཛིན་གྲྭ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་སློབ་སྦྱོང་བགྲོ་གླེང་སྤེལ་དགོས། ཉེན་ཟོན་སློབ་གསོ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་བྱེད་པའི་ཏང་གཤིས་སྦྱོང་བརྡར་དང་བསམ་བློའི་གོ་རྟོགས་མཐོར་འདེགས་གཏོང་དགོས། ཚད་གཞི་ནན་པོ་མཐའ་འཁྱོངས་བྱས་ཏེ་སློབ་སྦྱོང་སློབ་གསོ་ཕན་འབྲས་ཐོན་པར་ཕྱོགས་ཡོངས་ནས་འགན་ལེན་བྱེད་དགོས། སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་དེ་བཞིན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕན་ཚུན་ཟུང་འབྲེལ་དང་། གྲོང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཕན་ཚུན་ཟུང་འབྲེལ། སྲིད་གྲོས་ཀྱི2025ལོའི་གཙོ་གནད་ལས་དོན་དང་ཕན་ཚུན་ཟུང་འབྲེལ་བཅས་བྱས་ཏེ། ཨུ་ཡོན་དང་མང་ཚོགས་ཀྱིས་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་ཚོར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཆེད་དོན་སློབ་ཚན་ཁྲིད་ཡོད།

ཚོགས་འདུའི་ཐོག《ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་འབྲེལ་ཡོད་ནང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)