国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月25日

ཤེས་དཔལ་དར་བའི་ཆབ་མདོ་ལ། དཔེ་ཀློག་སྦྲང་ཆར་ཟིལ་མ་འབབ།

འདི་ནི་གྲོང་མིས་འཚང་ཁ་ཤིག་ཤིག་གིས་དཔེ་དེབ་ཉོ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས23ཉིན་ནི“འཛམ་གླིང་དཔེ་ཀློག་ཉིན་མོ”ཐེངས་30པ་རེད། ཉིན་དེའི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱི2025ལོའི་“རིག་དཔལ་དར་བའི་ཆབ་མདོ”དམངས་ཡོངས་དཔེ་ཀློག་དང“དཔེ་འཛར་ལྗང་ཁུའི་བྱ་སྤྱོད”ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པའི་མཛད་སྒོ་དེ་ཇ་རྟའི་ཐང་ཆེན་དུ་སྤེལ་བ་དང་། ལས་རིགས་ཁག་དང་བྱ་གཞག་ཁག་ནས་ཡོང་བའི་འཐུས་མི300ལྷག་མཉམ་དུ་འཛོམས་ཏེ་ཐུན་མོང་ཐོག་མཁར་གྲོང་ཧྲིལ་བོར་དཔེ་ཀློག་གི་ཚ་རླབས་འཕྱུར་དུ་བཅུག་པ་རེད།

མཛད་སྒོའི་ཐོག་དམངས་ཡོངས་ཀྱི་དཔེ་ཀློག་བྱ་རྒྱུའི་གྲོས་འགོའི་ཡི་གེ་སྒྲོག་འདོན་བྱས་པ་དང་། སློབ་མ་དང་། མེ་ཟོན་བཀོད་འདོམས་པ། ཉེན་རྟོག་པ། ཁེ་ལས་སོགས་ལས་རིགས་མི་འདྲ་བའི་འཐུས་མིར་དཔེ་དེབ་རིགས5000སྤྲད་པ་མ་ཟད། སློབ་མར“དཔེ་འཛར་ལྗང་ཁུ”དང་དེ་བཞིན་སློབ་སྦྱོང་ཡོ་བྱད་1999སྤྲད་ཡོད།

དེ་མིན་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་། གྲོང་ཁྱེར་དཔེ་མཛོད་ཁང་། སྦྲག་སྲིད་ཀུང་ཟི་ཆབ་མདོ་ཡན་ལག་ཀུང་ཟི། གྲོང་ཁྱེར་ཞིན་ཧྭ་དཔེ་ཁང་སོགས་ཁེ་ལས་དང་བྱ་གཞག་ཚན་པས་སྣ་མང་ཕུན་སུམ་ཚོགས་པའི་ལས་རིགས་དྲིལ་བསྒྲགས་དང་དེ་བཞིན་དཔེ་དེབ་ཁེ་པོས་འགྲེམས་འཚོང་བྱེད་སྒོ་སྤེལ་ཏེ་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཤེས་དཔལ་དར་བའི་རྣམ་པ་ཟབ་མོ་བཏོད་ཡོད།