国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月22日

གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)ཡི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ4པའི་ཚེས21ཉིན་གྱི་སྔ་དྲོར།གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲུབ་པའི2025ལོའི་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)ཡི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ་དང་། རྫོང(ཆུས)11ནས་ཡོང་བའི་གྲོང་ཚོ(སྡེ་ཁུལ)ཡི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི100ལྷག་ཐེངས་འདིའི་གསོ་སྦྱོང་ནང་ཞུགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་དུས་ཡུན་ཉིན5ཡིན་པ་དང་། དེའི་དམིགས་ཡུལ་ནི་ཆེད་དོན་སློབ་ཁྲིད་དང་། ཡུལ་དངོས་ཀྱི་སློབ་ཁྲིད། གསར་བརྗེའི་རྟེན་གཞིར་ལྟ་སྐོར་སོགས་ཀྱི་ཐབས་ལམ་བརྒྱུད་དེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་དང་། དམངས་ལ་ཞབས་ཞུ། བརྟན་ལྷིང་སྲུང་སྐྱོབ། འཆམ་མཐུན་སྐུལ་འདེད་བཅས་ཀྱི་ཐད་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་པ་དང་། དེ་དང་ཆབས་ཅིག་ཏུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་དོན་ཐོག་ཏུ་འཁྱོལ་བར་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིང་རྒྱུ་དེ་རེད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)