国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月22日

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཆབ་མདོའི་ལས་བྱེད་པའི་སློབ་གསོ་གསབ་སྦྱོང་ཁྲོད་རྩ་བ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསབ་སྦྱོང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལས་ཀའི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སེམས་ལ་ཟུག་པ་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས། ཧུར་བརྩོན་ཆེན་པོས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”དམིགས་ཚད་འོས་འགན་མངོན་འགྱུར་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་ཧུར་ཐག་ངང་ལེགས་སྐྱེས་སུ་ཕུལ་ཡོད།

ཧྲུའུ་ཅིས་སྣེ་ཁྲིད་དེ་ཏང་གི་སློབ་ཚན་ཁྲིད་དེ་གོང་འོག་བར་གསུམ་ལ་མིག་དཔེ་བསྟན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ལས་བྱེད་པའི་སློབ་གསོ་གསབ་སྦྱོང་ལས་དོན་ལ་མཐོང་ཆེན་གནང་ཞིང་། གྲོང་ཨུད་ཏང་གི་སློབ་གྲྭའི་ཁྲིད་སྟེགས་ཐོག་འགྲེང་སྟེ་ལས་རྐང་གཙོ་བོའི་ལས་བྱེད་པར“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”ཁྲིད་གནང་བ་རེད། ཀྲོང་ཅིན་སུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཆབ་མདོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་ཐད་བླངས་པའི་ཕན་འབྲས་མངོན་གསལ་ཆེ་བ་དང་ཞིབ་བཤེར་ཐག་གཅོད་བྱས་པའི་དཔེ་མཚོན་གྱོད་གཞིའི་ལམ་ནས་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་འཛུགས་སྐྱོང་གི་གལ་ཆེན་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ངོས་འཛིན་ཐུབ་པར་ཁྲིད་སྟོན་བྱས་པ་དང་། ཏང་ཡོན་ལས་བྱེད་པས་ཏང་གཤིས་བློ་སྦྱོང་ཏན་ཏིག་ངང་ཆེ་རུ་ཕྱིན་པར་སློབ་གསོ་བརྒྱབ་པའི་ཁར། དབང་ཆའི་ལྟ་བ་དང་སྲིད་འབྲས་ལྟ་བ། ལས་དོན་ལྟ་བ་ཡང་དག་པ་ཞིག་བཙུགས་ནས་ལས་དོན་ཁྲོད་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་ཟབ་ཞུགས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱས་པ་ལས་མང་ཚོགས་ཀྱི་འདོད་བློ་ཤེས་རྟོགས་ཐུབ་པ་བྱུང་བ་དང་། མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་སྡོམ་བྱས་ཏེ་ཚོགས་འདུ་དང་། བྱེད་སྒོ་ཉུང་དུ་བཏང་ནས་དེ་བས་མང་བའི་དུས་ཚོད་དང་སྟོབས་ཤུགས་དེ་དོན་དངོས་ལས་དོན་ནང་ཕུལ་ཡོད།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཏང་གི་སློབ་གྲྭའི་སློབ་ཚན་ཨང་དང་པོ་ཞིག་ཏུ་བརྩིས་ནས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། རིགས་གཅིག་མཁས་ཅན། ཏང་གི་སློབ་གྲྭའི་དགེ་རྒན་དེ་བཞིན་སྒྲིག་ཁྲིམས་ཞིབ་བཤེར་ཚན་པའི་འགོ་ཁྲིད་བློ་མཐུན་གདན་དྲངས་ཏེ་ཏང་གི་སློབ་གྲྭར་ཆེད་དོན་སློབ་ཚན་འཚོགས་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་འགྲེལ་བཤད་གཏིང་ཟབ་བསྐྱོན་པ་མ་ཟད། བོད་ཀྱི་དོན་དངོས་གནས་ཚུལ་དང་ཆབ་མདོའི་རང་སའི་གྱོད་གཞི་དེ་བཞིན་དོ་དམ་ཁྱབ་ཁོངས་ཀྱི་ལས་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པས་སློབ་གཉེར་བ་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་མཇུག་འབྲས་ཚབས་ཆེན་ངོས་ཟིན་བྱུང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་དང་ཉིན་རྒྱུན་གྱི་ལས་དོན་འབྲེལ་བ་ཟབ་མོ་ཡོད་པ་རྒྱུས་ལོན་ཐུབ་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་དག་གི་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་སྲིད་གཙང་སློབ་གསོའི་རྟེན་གཞི་ཕེབས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་གཞི་སྐོར་གྱི་ཉེན་ཟོན་སློབ་གསོའི་གློག་བརྙན་ལ་གཟིགས་ནས་ས་གནས་ས་ཐོག་ཏུ་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་དང་ལེན་གནང་བ་རེད།

ཆབ་མདོ་གྲོང་ཨུད་སྒྲིག་གཞི་ཨུ་ལྷན་གཞུང་ལས་ཁང་གིས་སྒྲིག་གཞིའི་སྒྲིག་ཁོངས་སྒྱུར་བཅོས་ཀྱི་སྣ་འདུས་ཐབས་བཟང་སྤྱད་ནས་གཞི་རིམ་བཅོས་སྐྱོང་གི་ཁུར་པོ་ཡང་དུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ་རེད། “ཏང་འཛུགས་སྐྱོང་གི་མཐུན་རྐྱེན་སྦྱོར་བའི”ལས་དོན་གསར་གཏོད་ངང་སྤེལ་བ་དང་གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)141ལ་ཏང་འཛུགས་སྐྱོང་ལས་དོན་གཞུང་ལས་ཁང་གཅིག་གྱུར་ངང་བཙུགས་ཏེ། “གཞུང་ལས་ཁང་གཅིག་གིས་གཅིག་གྱུར་དོ་དམ་བྱེད་པའི”གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བསྐྲུན་ཡོད། “ཤེས་ལྡན་པའི་རྨང་གཞི་བརྟན་གཏོང”འཆར་གཞི་བརྒྱུད་ཏང་དོན་གྱི་ཧྲག་དམག་བཀོད་སྒྲིག་བྱས་ནས་ཏང་ཡོན་གྱི་སློབ་གསོ་དང་། མང་ཚོགས་ལ་ཞབས་ཞུ། ཤེས་དཔལ་ལག་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་བསྐྲུན་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)