国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月18日

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4ཚེས17ཉིན་གྱི་སྔ་དྲོར། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ཆི་དབྱིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་གྲོང་ཨུད་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་ལི་ཞཱ་ཡིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བར་དམིགས་ནས་ཆེད་དོན་ཟུར་ཁྲིད་གནང་བ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྐོར་གྱི་མཐོང་རྒྱ་གསར་པ་གཏོད་པ་དང་། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལས་ཀའི་གཞི་རྩའི་གནད་དོན་ལ་ལན་བཏབ་པ། ཏང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྐོར་གྱི་ངོས་འཛིན་མཐོ་ཚད་དང་ཡུལ་ཁམས་གསར་པར་སྤར་ཏེ། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལས་ཀར་ཤུགས་སྣོན་དང་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཀྱི་བདེ་འཇགས་བགྲོད་ལམ་དུ་སྐྱོད་པར་རིག་གཞུང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྲིད་སྐྱོང་གི་གནས་བབ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོང་བྱ་དགོས། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་སྲུང་བྱ་དགོས། དཔལ་འབྱོར་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རྨང་གཞིར་འཛིན་པ་དང་སྤུས་ཚད་མཐོན་པོར་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། རིག་གནས་བདེ་འཇགས་དང་སྐྱེ་ཁམས་རིག་གནས་འཕེལ་རྒྱས་ཡོང་བར་འགན་སྲུང་དང་སྐྱེ་ཁམས་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བར་འགན་སྲུང་བྱ་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་བདེ་འཇགས་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་། བརྟན་ལྷིང་ནི་སྟོབས་འབྱོར་ལྡན་པའི་ཆ་རྐྱེན་ཡིན། རྒྱལ་ཁབ་ཀྱི་བདེ་འཇགས་དེ་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་ཀའི་ནང་འདྲེས་པར་དོ་སྣང་བྱས་ཏེ། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་པ་དང་གཞི་རིམ་བཅོས་སྐྱོང་གི་ཁྲིམས་འཛུགས་གོམ་སྟབས་མགྱོགས་སུ་གཏོང་བ། ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་བར་ཤུགས་རྒྱག་པ། ནོར་སྲིད་དང་དཔལ་འབྱོར་ལས་དོན་གྱི་ལྟ་སྐུལ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་པ། འཐུས་མིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། མི་དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་བསམ་བློའི་འགོག་སྲུང་འཛིང་རགས་དང་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།