འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་རེའི་གྲོང་ཁྱེར་གྱི་ཚན་པ་ཁག་གིས་ཆེད་དོན་དཔེ་ཀློག་འཛིན་གྲྭ་རྒྱུན་མཐུད་ངང་གཉེར་བ་དང་། ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་རེད།
གྲོང་ཁྱེར་སྒྲིག་ཨུད་ཀྱི་ཚོགས་ཁང་ནང་དམ་ལ་ནན་པའི་སློབ་སྦྱོང་གི་རྣམ་པ་རབ་ཏུ་འཁོལ་ཞིང་། གྲོང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཧྲི་ཡུས་ཀྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། སྒྲིག་ཨུད་ལྟ་ཞིབ་ཀྱི་ལས་བྱེད་པ་ཡོངས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་ཆེད་དོན་ཟུར་ཁྲིད་ཉན་ནས་བསམ་གཞིགས་བྱེད་ཞོར་ཟིན་བྲིས་རྒྱག་བཞིན་ཡོད་པ་རེད། དཔེ་ཀློག་འཛིན་གྲྭའི་ཐོག“ཆེད་དོན་ཟུར་ཁྲིད་དང་གཅིག་སྡུད་སློབ་སྦྱོང་། སྤེལ་རེས་གྲོས་སྡུར”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ནང་དོན་གཙོ་བོ་དང་ལག་ལེན་ཐབས་ལམ།
ལྟ་སྐུལ་སྒྲིག་བསྟར་གྱི་འགག་རྩའི་གནད་རྣམས་གོ་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་ཡོད་པ་རེད།
གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚོགས་ཁང་ནང་སྲིད་ཁྲིམས་ལས་བྱེད་པ་ཡོངས་ཀྱིས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཨུད་ཀྱི་བློ་མཐུན་གྱིས་ཁྲིད་པའི་འགོ་བརྗོད་དུ“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོར་བརྟེན་ནས་ཏང་སྲོལ་སྲིད་སྲོལ་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་འཁོད་པའི་ཆེད་དོན་ཟུར་ཁྲིད་ནན་ཏན་ཉན་པ་དང་། ཉེ་བའི་ལོ་ཤས་རིང་ཐོན་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དཔེ་དཔེ་མཚོན་ཅན་དང་ཟུང་འབྲེལ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ནང་དོན་དང་གལ་ཆེའི་རང་བཞིན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ཅིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་སྣང་ཚུལ་དང་མཇུག་འབྲས་ཚབས་ཆེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་སྲིད་ཁྲིམས་ལས་བྱེད་པ་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཆེར་བསྐྱེད་ཀྱིས་ཁོང་དུ་ཡང་དག་ཆུད་པར་བྱ་ཆེད་མཛུབ་ཁྲིད་དང་རོགས་རམ་ནུས་ལྡན་ཐུབ་ཡོད་པ་རེད།