国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月18日

གྲོང་ཁྱེར་ཡོངས་ཀྱི་རྩིས་བཤེར་ལས་དོན་གྱི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས13ཉིན་གྱི་སྔ་དྲོར། གྲོང་ཁྱེར་ཡོངས་ཀྱི་རྩིས་བཤེར་ལས་དོན་གྱི་ཚོགས་འདུ་འཚོགས་ནས་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་དོན་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི2024ལོའི་རྩིས་བཤེར་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ལའོ་ཆིན་འུའུ་ཡིས2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། རིམ་ཁག་རྩིས་བཤེར་ལས་ཁུངས་དང་འབྲེལ་ཡོད་ཚན་པས་2025ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གྲོང་ཨུད་ཀྱི“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”དམིགས་ཚད་འོས་འགན་གྱི་མཐའ་འཁོར་དུ་དམ་པོར་དམིགས་པ། ཚན་རིག་ལྟར་རྩིས་བཤེར་ཚད་ལྡན་ངང་སྤེལ་ཏེ་རྩིས་བཤེར་ཕན་འབྲས་མཐོར་འདེགས་གཏོང་བར་ཤུགས་རྒྱག་དགོས་ཞེས་བསྟན།

ལའོ་ཆིན་འུའུ་ཡིས་འབྲེལ་ཡོད་ཚན་པ་ཁག་གིས་ཚུགས་གནས་མཐོ་རུ་གཏོང་བ་དང་རྩིས་བཤེར་ལ་བཏོན་པའི་གནད་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་དང་དབྱེ་ཞིབ་ཞིབ་འཇུག་བྱས་ཏེ་རྩིས་བཤེར་བཅོས་སྒྲིག་གོ་སྐབས་སུ་བརྩིས་ནས་ཟུར་བསྟན་ལེབ་མཐོང་དང་གནད་དོན་གྱི་འབྱུང་རྩ་ལ་དབྱེ་ཞིབ་གཏིང་ཟབ་བྱེད་དགོས། རྩིས་བཤེར་ལས་བྱེད་པས་ནུས་པ་དང་བྱང་ཚད་མཐོར་འདེགས་དང་། ལས་ཀའི་ལས་ཕྱོད་མཐོར་འདེགས་གཏོང་བ། རྩིས་བཤེར་སྤུས་ཚད་མཐོར་འདེགས་བཅས་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་འདུ་ཤེས་ལ་བརྟེན་ནས་ཚན་རིག་དང་ཚད་ལྡན་གྱི་སྒོ་ནས་རྩིས་བཤེར་སྤེལ་ནས་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀ་དག་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་2025ལོའི་རྩིས་བཤེར་རྣམ་གྲངས་དང་དེ་བཞིན་འབྲེལ་ཡོད་རྩིས་བཤེར་ལས་དོན་ལ་གྲོས་བསྡུར་བྱས་པ་རེད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)