འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ4པའི་ཚེས7ཉིན་ནས་ཚེས9ཉིན་བར་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་བྱེད་པར་དོན་འཁྱོལ་ནན་མོ་བྱས་ཏེ། སྔ་བར་ཕྱི་གསུམ་དུ་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཡུན་རིང་དམག་འཐབ་ཡག་པོ་རྒྱག་དགོས་པའི་ནན་བཤད་གནང་བ་རེད།
ཐེངས་འདིའི་དཔེ་ཀློག་འཛིན་གྲྭ་ནི་ཆེད་དོན་གསབ་ཁྲིད་དང་། གཅིག་སྡུད་རང་སྦྱོང་། སྤེལ་རེས་བགྲོ་གླེང་བཅས་ཕན་ཚུན་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་སྤེལ་ཞིང་། བོད་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་ལྟ་སྐུལ་ཁང་གི་འགན་འཁུར་བློ་མཐུན་གྱིས་ཆེད་དོན་གསབ་ཁྲིད་བྱས་ཡོད། ཚོགས་ཞུགས་བློ་མཐུན་གྱིས《ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གནད་བསྡུས》དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་དང་འབྲེལ་ཡོད་ཡིག་ཆ་ཇི་མ་ཇི་བཞིན་ཞིབ་ཀློག་བྱས་ཏེ་ལས་ཀའི་དོན་དངོས་དང་འབྲེལ་ནས་ངོས་འཛིན་དང་མྱོང་ཚོར་གླེང་ཡོད། གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་དང་འབྲེལ་ཡོད་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་དང་ལྷག་པར་དུ་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་གོ་སྐབས་སུ་བཟུང་ནས་ང་མིན་སུ་ཡིན་པའི་སྤོབས་པ་བསྐྱེད་དེ་གོང་དཔེ་འོག་སྟོན་དང་། དངོས་སྒྲུབ་འཁུར་ཕོད་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་དེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་པའི་དངོས་ཡོད་ཕན་འབྲས་སུ་བསྒྱུར་བ་བྱེད་དགོས། ཆད་ལྷག་མེད་པར་དོན་འཁྱོལ་དམ་འཛིན་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། གྲོང་ཨུད་ཀྱི་ལས་དོན་བསམ་ཕྱོགས་དང་བཀོད་སྒྲིག་ཕྱོགས་ཡོངས་ནས་གོ་བ་བླངས་ཏེ་ཁོང་དུ་ཆུད་པར་བྱེད་པ། “ཆབ་མདོ་ནི་གང་ཞིག་ཡིན་པ་དང་། གང་ཞིག་སྒྲུབ་དགོས་པ། ཇི་ལྟར་སྒྲུབ་དགོས་པ”བཅས་ལ་ཁོང་དུ་ཆུད་པར་བྱེད་པ། འཕྲལ་བཅོས་དང་སླ་བཅོས་ཕན་ཚུན་གཅིག་གྱུར་ཡོང་བར་མཐའ་འཁྱོངས་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱ་ཆེད་རྨང་གཞི་བརྟན་པོ་འཛུགས་དགོས། ཆར་རླུང་དྲག་པོས་ཀྱང་འགོག་མི་ཐུབ་པར་དོན་འཁྱོལ་དམ་འཛིན་བྱེད་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་བློས་གཏོང་གི་འདུ་ཤེས་དང་། འགྲན་རྩོད་ཀྱི་བསམ་པ། དངོས་ཡོད་ཀྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་དུས་ཐུང་གི་ལས་འགན་ལ་ཁ་བཤད་ལག་བསྟར་དང་། དམ་འཛིན་མྱུར་སྒྲུབ་བྱེད་དགོས། དངོས་འཛིན་དངོས་སྒྲུབ་ཀྱིས་དོན་འཁྱོལ་དམ་འཛིན་བྱེད་དགོས་ཤིང་། ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་སྡོམ་བྱས་ཏེ། ཡོད་ཚད་དངོས་ཡོད་ནས་འགོ་བརྩམས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་བྱ་བ་དངོས་སྒྲུབ་པ་དང་། ཕན་འབྲས་དོན་གཉེར་བྱེད་པ། ཐབས་ཇུས་གནད་འཁེལ་འདོན་པ་བཅས་བྱས་ཏེ། དོན་ངོ་མའི་ཐོག་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་བཅས་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་བྱེད་དགོས་པའི་ནན་བཤད་གནང་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)