འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4ཚེས11ཉིན། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བཞི་པ་འཚོགས་པ་རེད།
ཚང་འཛོམས་གྲོས་ཚོགས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གསུང་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་གཏིང་ཟབ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ། 《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་གྱི་རྒྱུན་རྣམ་ཡུན་ཕན་ལ་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》《ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བཞི་པའི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བཅས་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་མཐོ་ཚད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གལ་ཆེན་རང་བཞིན་དང་མྱུར་མཁོ་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བླང་བྱ་ལྟར། ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་ལ་བརྟེན་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་སྤེལ་གཏོང་དགོས། ཆབ་སྲིད་ཀྱི་འཛུགས་སྐྱོང་ཆེ་རུ་བཏང་ནས་རང་འགུལ་ཐོག་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་མིག་དཔེ་སྟོན་མཁན་ཞིག་བྱེད་དགོས།
“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ།“ཆབ་སྲིད་ཀྱི་ངེས་ཤུགས་གསུམ”ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་དེ་རང་འགུལ་ཐོག་ཏང་གི་གསར་གཏོད་རིགས་གཞུང་ལ་རང་རྟོགས་ངང་སྦྱོང་མཁན་ཞིག་བྱེད་དགོས། ཏང་གི་གསར་གཏོད་རིགས་གཞུང་གིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུར་མཐའ་འཁྱོངས་བྱས་ཏེ། ལས་དོན་འཆར་འགོད་ཀྱི་སྤྱི་ཡོངས་རང་བཞིན་དང་། ཁོངས་གཏོགས་རང་བཞིན། རྒྱང་ལྟའི་རང་བཞིན་ཆེ་རུ་གཏོང་བ་དང་།“འགྱུར་བ་གསུམ”གྱི་རྒྱུགས་ཤོག་ལ་ནན་ཏན་ལན་འདེབས་པ། དཔའ་ངར་ཆེན་པོས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”སྔོན་སྐྱོད་པ་དང་གདོང་ལེན་དམག་མི་ཞིག་བརྩོན་ལེན་བྱས་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་སྒྲུབ་དགོས། དམངས་དོན་གཙོ་བཟུང་གི་དམིགས་ཡུལ་ལག་བསྟར་བྱས་ཏེ་རང་རྟོགས་ངང་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་པར་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་མཁན་ཞིག་བྱེད་དགོས།“དོན་ཆེན་བཞིར”དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་ཀའི་དམིགས་ཚད་ལ་གཞི་ཚུགས་ཏེ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ཁྲིད་སྟོན་དུ་བྱས་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་དོན་དག་མང་ཙམ་བསྒྲུབ་པ་དང་། དམངས་འཚོར་ཕན་པ་དང་། མི་སེམས་དྲོ་བ། དམངས་སེམས་གཅིག་སྡུད་བཅས་ཀྱི་ལས་དོན་མང་ཚོགས་ཀྱི་སེམས་ནང་བསྐྱལ་ཐུབ་པ་བྱེད་དགོས། དངོས་འཛིན་དངོས་སྒྲུབ་ཆེ་རུ་བཏང་ནས་རང་འགུལ་ཐོག་འགན་འཁྲི་འཁུར་ཕོད་པའི་འབད་འཐབ་པ་ཞིག་བྱེད་དགོས།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་རྒྱུའི”ནང་དོན་ལ་ཤེས་རྟོགས་ཟབ་མོ་ཡོང་བ་དང་“དཔེ་སྟོན་སྣེ་ཁྲིད”ཀྱི་དམིགས་ཚད་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་གྲོང་ཨུད་དང་གོམ་སྟབས་གཅིག་གྱུར་ཡོང་བར་བྱེད་དགོས། རང་ངོས་གསར་བརྗེ་གཏིང་ཟབ་བཏང་ནས་རང་འགུལ་ཐོག་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོར་ནུས་ལྡན་སྐུལ་འདེད་གཏོང་མཁན་ཞིག་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་ཏང་ཞུགས་མནའ་ཚིག་དང་། ཏང་གི་རིགས་གཞུང་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ཁྲིམས་བཅས་དང་བསྡུར་བ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་བྱེད་པའི་ཁྲོད་རང་སེམས་རང་གཅུན་ཐུབ་པར་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་སྒོས་བཅོས་སྒྲིག་གཏིང་ཟབ་ཏུ་བཏང་ནས་མང་ཚོགས་ཀྱིས་སྲོལ་གཙང་གཞུང་དྲང་ཉེ་གམ་དུ་ཡོད་པ་ཚོར་ཏུ་འཇུག་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་བྱས་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གི་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱས་ཏེ་ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཆབ་མདོའི་འགན་འཁྲི་འཁུར་བ་དང་ཆབ་མདོའི་ལེགས་སྐྱེས་ཕུལ་ནས་ཆབ་མདོའི་ལས་དོན་ཁག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། ཁྲིད་སྟོན་ཐུབ་པ། མིག་དཔེ་སྟོན་པ་བཅས་བྱེད་དགོས།
(དཔལ་ཐར་རྒྱལ་གྱིས་བསྒྱུར)