国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月11日

ལྕང་ལུང་གི་ཁམ་བུའི་མེ་ཏོག་ལ་མཉམ་རོལ་བྱ།

མཛེས་ཤིང་ལྟ་ན་སྡུག་པའི་སྨར་ཁམས་རྫོང་གི་ཁམ་བུའི་མེ་ཏོག ཟླ4པའི་ཚེས5ཉིན་སྨར་ཁམས་རྫོང་འཇང་རོགས་ཤང་ལྕང་ལུང་གྲོང་ཚོའི2025ལོའི་ཁམ་བུའི་མེ་ཏོག་དུས་ཆེན་དེ་རེ་སྒུག་ངང་ནས་འགོ་ཚུགས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་སྨར་ཁམས་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་ལྕང་ལུང་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་འཁྲབ་སྟོན་བྱས་རེད། འཁྲབ་སྟོན་པ་ཚོས་མི་རིགས་ཀྱི་རྒྱན་གོས་ལུས་ལ་སྤྲས་ཤིང་སྙན་པའི་དབྱངས་དང་མཆོར་སྒེག་ཉམས་ལ་བརྟེན་ནས་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མཛེས་སྡུག་མངོན་པར་མཚོན་ཡོད།

ཐེངས་འདིའི་ཁམ་བུའི་མེ་ཏོག་དུས་ཆེན་ཐོག་སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་སྡུར་ཡང་སྤེལ་བ་དང་། འགྲན་སྡུར་ཡུལ་དངོས་སུ་གྱི་ལིང་རྟ་ཕོའི་འཚེར་སྐད་དང་འདོ་རིག་རྟ་ཕོའི་རྒྱུག་རྩལ། དཔའ་ཉམས་ལྡན་པའི་རྟ་པ་སོགས་ཀྱིས་གཟིགས་མོ་བ་ལ་ལྟད་མོ་གྱ་ནོམ་པ་ཞིག་གི་གསོལ་སྟོན་བཤམས་ཡོད།

ཐེངས་འདིའི2025ལོའི་ལྕང་ལུང་གྲོང་ཚོའི་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་བདུན་པ་ལེགས་སྒྲུབ་ཐུབ་པ་དེས་དཔྱིད་ཀའི་མཛེས་ལྗོངས་ལ་མཉམ་རོལ་དང་དམངས་སྲོལ་རིག་གནས་བབ་ཆགས་འཇོག་པའི་གོ་སྐབས་བཟང་པོ་ཞིག་ཐུབ་པ་མ་ཟད། ལྕང་ལུང་གྲོང་ཚོའི་སྙན་གྲགས་དང་ཤན་ཤུགས་ཕྱོགས་བཞིར་རྒྱས་ཏེ་རྫོང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐུབ་ཡོད།

པར་གོང་མ་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན་པ།

པར་འོག་མ་ནི་མཛེས་སྡུག་གི་ཁམ་བུའི་མེ་ཏོག་ཡིན་པ།