国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月08日

ཀྲོང་ཅིན་སུང་གིས་གྲོང་ཨུད་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི2025ལོའི་འདུ་ཤེས་འཛིན་སྟངས་ཀྱི་བཟང་ཆ་དང་ལས་འགན་ཁག་བགོས་ཞིབ་འཇུག་གནང་ཞིང་། ཁོང་གིས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་དང་ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་དང་། ཝེ་ཤིན་ཀུའེ། ལིས་གོ་ཅན། ལིས་པིང་། དངོས་གྲུབ་ཟླ་བ། ཀྲའོ་པིང་། ཝུའུ་དབྱིང་ཧུའེ། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་། ཤེ་ཝུན་ཀོང་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

ཀྲོང་ཅིན་སུང་གིས་འདུ་ཤེས་འཛིན་སྟངས་ལས་ཀ་ཧ་ཅང་གལ་འགངས་ཆེ་ཞིང་། ད་ལོ་ནི་དྲིལ་བསྒྲགས་ལས་དོན་གྱི་ལོ་ཆེ་ཤོས་ཡིན་ལ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་ཁག་ལྗིད་རྫོབ་ཆེ་བ་ཞིག་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་དང་ལྷག་པར་དུ་དྲིལ་བསྒྲགས་དང་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱིས་ཏང་གིས་འདུ་ཤེས་འཛིན་སྟངས་ལས་དོན་ལ་འགོ་ཁྲིད་བྱེད་པའི་དབང་ཆ་མཐའ་འཁྱོངས་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་པ། ཏང་གིས་སྨྱན་སྦྱོར་ལ་དོ་དམ་བྱེད་པ། ཏང་གིས་དྲ་སྦྲེལ་ལ་དོ་དམ་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་ཀྱི་དབང་ཆ་དང་། དོ་དམ་དབང་ཆ། སྐད་ཆ་ཤོད་དབང་བཅས་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དེ་དམ་འཛིན་བྱ་གཞིར་བརྩིས་ནས་འདུ་ཤེས་འཛིན་སྟངས་དང་འབྲེལ་བ་ཡོད་པའི་ཏང་ནང་གི་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞིབ་ཕྲའི་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲི་གཙོ་བོ་ཆབ་མདོར་དོན་འཁྱོལ་ཡོང་བར་སྐུལ་སྤེལ་གཏོང་དགོས། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་ལག་བསྟར་དོན་འཁྱོལ་དམ་འཛིན་བྱས་ཏེ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་གཙོ་ཐིག་ཏུ་བཟུང་བ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བ་འགག་རྩར་བརྩི་བ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་གཞི་རྟེན་དུ་བཟུང་བ་བཅས་བྱས་ཏེ། ཆབ་མདོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཆབ་མདོའི་སྐད་སྒྲ་སྒྲོག་སྤེལ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)