འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཡིད་རྟོན་རིག་གནས་དར་སྤེལ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་ཆེད། ཉེ་ཆར། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཡིད་རྟོན་རྩ་བ་བརྟན་དུ་བཏང་ནས་དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད”ཅེས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། བཟོ(མཐུན)ཚོགས་དང་དམངས་གཉེར་ཁེ་ལས་ཁག་ནས་ཡོང་བའི་མི40ལྷག་ཐེངས་འདིའི་བྱེད་སྒོ་ནང་ཞུགས་ཡོད།
ཁེ་ལས་འཐུས་མིས་ཡིད་རྟོན་གྱི་གལ་ཆེན་རང་བཞིན་ལ་སྔར་ལས་གཏིང་ཟབ་པའི་སྒོ་ནས་ཤེས་རྟོགས་ཐུབ་ཆེད། སྒྲོག་འགྲེལ་མི་སྣས་དངོས་ཡོད་ཀྱི་གྱོད་དཔེ་དྲངས་ཏེ་དབྱེ་ཞིབ་བྱས་ཡོད། གྱོད་དཔེ་འདི་དག་གིས་ཚོང་ལས་མགོ་སྐོར་དང་། ཚོང་རྟགས་དབང་ཆ་བཙན་གནོད། དྲིལ་བསྒྲགས་རྫུན་མ་སོགས་ཡིད་རྟོན་དྲང་གཞག་མེད་པའི་བྱ་སྤྱོད་ཀྱིས་ཁེ་ལས་ལ་བཟོས་པའི་མཇུག་འབྲས་ཚབས་ཆེན་དང་འབྲེལ་ཡོད་པ་མ་ཟད། ཡིད་རྟོན་གཉེར་སྐྱོང་ལས་ཐོབ་པའི་གླེང་གཏམ་ཡང་ཡོད། དྲང་ཕྱོགས་དང་ལྡོག་ཕྱོགས་གོ་བསྡུར་བ་བརྒྱུད་ནས་ཁེ་ལས་པའི་འཐུས་མི་ཚོས་ཡིད་རྟོན་ནི་ཁེ་ལས་ཀྱིས་ཁྲོམ་རའི་འགྲན་རྩོད་ནང་ངེས་པར་དུ་དགོས་གལ་ཆེ་བའི་གནད་འགག་གི་རྒྱུ་རྐྱེན་ཞིག་ཡིན་པ་ངོས་འཛིན་ཟབ་མོ་བྱུང་ཡོད།
དེ་དང་ཆབས་ཅིག་ཏུ་ཆབ་མདོ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་ལ་སྲིད་གཞུང་གིས་ཁེ་ལས་ཀྱི་ཡིད་རྟོན་འཛུགས་སྐྱོང་ཐད་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱས་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)