འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས3ཉིན་གྱི་སྔ་དྲོར། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་། སྡེ་ཚོགས་གྲོང་ཨུད། གྲོང་ཁྱེར་བུད་མེད་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་གྱིས་སྒྲུབ་པའི་རི་འཛེགས་བྱེད་སྒོ་སྟག་མ་ལར་སྤེལ་བ་རེད།
ཉིན་དེའི་སྔ་དྲོར། བྱེད་སྒོ་ནང་ཞུགས་མཁན་གྱི་ལས་བྱེད་ལས་བཟོ་པ་ཚོས་ལུས་ལ་ལུས་རྩལ་གྱོན་ཆས་མནབས་ཏེ་སྔ་མོ་ནས་འགོ་ཚུགས་སར་མཉམ་དུ་འཛོམས་ཡོད། ཆུ་ཚོད་བཅུ་པའི་ཐོག་འགྲན་སྡུར་འགོ་བརྩམས་པ་དང་། ཚང་མས་ཕན་ཚུན་ལ་སྐུལ་ལྕག་དང་མདུན་སྐྱོད་བྱས་ཏེ་ལམ་བར་གྱི་མཛེས་ལྗོངས་ལ་རོལ་མྱོང་ཡང་བྱས་ཡོད། མཐར་སྐྱེས་པ་དང་བུད་མེད་ཚོགས་ཆུང་གི་ཨང་གསུམ་ཐོབ་མཁན་ལ་བཀྲ་ཤིས་ཁ་བཏགས་བསྐོན་ཞིང་བྱ་དགའི་དངུལ་སྤྲད་དེ་ཁོ་ཚོའི་འགྱུར་མེད་ཀྱི་སྙིང་སྟོབས་ལ་བསྟོད་པའི་མཐེ་བོང་སྒྲེང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རི་འཛེགས་བྱེད་སྒོ་ནང་ལས་བྱེད་ལས་བཟོ་པ་མི150ཡས་མས་ཞུགས་ཡོད་པ་དང་། རི་འཛེགས་འགྲན་སྡུར་མཇུག་འགྲིལ་རྗེས། ད་དུང་གསར་བརྗེའི་རིག་གནས་ཤེས་བྱའི་སྐོར་གྱི་དྲིས་ལན་འདེབས་པའི་བྱ་འགུལ་སྤེལ་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)

