国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月08日

གྲོང་ཁྱེར་སྲིད་གཞུང་གི་སྲིད་གཙང་ལས་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས3ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་པ་དང་གྲོང་ཁྱེར་སྲིད་གཞུང་གི་སྲིད་གཙང་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་། ཏང་གི་རང་ངོས་གསར་བརྗེའི་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྣམ་བཤད་གལ་ཆེན། ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་གསུམ་པ། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དེ་བཞིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་རེད།

ལའོ་ཆིན་འུའུ་ཡིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། གྲོང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དེ་སྲིད་གཞུང་གི་ལས་དོན་དང་རང་ངོས་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནང་དོན་འཁྱོལ་ཐུབ་པར་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་བ། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྔོན་རྩིས་ལ་དོ་དམ་ནན་པོ་བྱེད་པ་དང་། གཙོ་གནད་མིན་པ་དང་ཕན་ནུས་ཆེ་བ་མིན་པའི་འགྲོ་སོང་ཚོད་འཛིན་ནན་པོ་བྱེད་པ་དང་། སྔོན་རྩིས་ལས་བརྒལ་བ་དང་སྔོན་རྩིས་མེད་པའི་འགྲོ་སོང་གཏན་འགོག་བྱེད་ནས་སྔོན་རྩིས་ཀྱི་ལག་བསྟར་ནན་པོ་འགན་ལེན་བྱེད་དགོས།“གཞུང་གྲོན་རྣམ་གསུམ”གྱི་འགྲོ་སོང་ཚོད་འཛིན་ནན་པོ་བྱེད་པ་དང་།“གཞུང་གྲོན་རྣམ་གསུམ”གྱི་གྲོན་དངུལ་གཏོང་སྒོ་མུ་མཐུད་དུ་ཇེ་ཆུང་དུ་གཏོང་དགོས།“གཞུང་གྲོན་རྣམ་གསུམ”གྱི་འགྲོ་གྲོན་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱ་དགོས། རྩིས་བཤེར་ལྟ་སྐུལ་ནན་པོ་བྱེད་ཅིང་དམངས་འཚོ་མངའ་ཁོངས་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་སྟེ་རྩིས་བཤེར་ལྟ་སྐུལ་རྗེས་སྙེག་བྱེད་ནས་དམངས་འཚོ་འགན་སྲུང་བར“མཐའ་མའི་སྤྱི་ལེ་གཅིག”ལ་སླེབས་པ་བྱེད་དགོས། གཙོ་གནད་མངའ་ཁོངས་ཀྱི་ལྟ་སྐུལ་དོ་དམ་དམ་འཛིན་ཏན་ཏིག་བྱ་དགོས་པའི་ནན་བཤད་གནང་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)