国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月08日

ཆབ་མདོ་གྲོང་ཁྱེར་གསར་བརྗེ་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དངོས་སུ་སྒོ་ཕྱེས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས4ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གསར་བརྗེ་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དངོས་སུ་སྒོ་ཕྱེས་པ་རེད། དྲན་གསོ་ཁང་གི་སྒོ་ཕྱེས་པ་དེས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པར་རྔམ་བརྗིད་ལྡན་པའི་གནས་ཡུལ་མཁོ་འདོན་བྱས་པ་མ་ཟད་གསར་བརྗེའི་ས་བོན་རྒྱུན་འཛིན་སྔར་ལྷག་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུར་ལས་སྟེགས་གལ་ཆེན་བསྐྲུན་པ་དེའི་ཐོག་ནས་ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།

དྲན་གསོ་ཁང་དེ་ཆབ་མདོ་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ཡོད་ལ། ས་ཁྱོན་ལ་སྨི་གྲུ་བཞི་མ1000ཟིན་པ་དང་། འཛུགས་སྐྲུན་གྱི་བཟོ་བཀོད་བརྗིད་ཉམས་ལྡན་པ་ཞིག་ཡོད། འགྲེམས་སྟོན་ཁང་ནང་ལོ་རྒྱུས་ཀྱི་རིག་དངོས་དང་། དཔྱད་ཡིག་རྒྱུ་ཆ། སྔོན་ཐོན་གྱི་སྨྱན་མང་འགྲེམས་སྟོན་བྱ་ཐབས་ཀྱི་ལམ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གཏོང་ཆེད་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་ཕྱོགས་ཡོངས་དང་ཕྱོགས་མང་པོའི་ཐོག་ནས་མངོན་པར་བྱས་ཡོད།འདི་ནི་སློབ་མ་ཚོས་གསར་བརྗེའི་སྔོན་རབས་པའི་མཛད་རྗེས་ལ་མྱ་ངན་ཞུ་བཞིན་པ།