འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས3ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། རྩོམ་ཡིག་གལ་ཆེན་དང་ཀྲུང་དབྱང་གི་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་གི་གསུང་བཤད་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་ལ་གསན་པ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་གནང་ཡོད།
ཀྲོང་ཅིན་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྩོམ་ཡིག་གལ་ཆེན་གྱི་གཟིགས་རྒྱང་རིང་ཞིང་བསམ་བློ་གཏིང་ཟབ་པས། ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། ཞིབ་ཕྲའི་བླང་བྱ་ཁ་གསལ་བཏོན་པ། རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། སློབ་སྦྱོང་ནན་ཏན་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། དགོངས་པའི་སྙིང་པོ་ཁོང་དུ་ཆུད་པ། རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་དགོས། སྐོར་གཟིགས་སྐོར་ཞིབ་དང་། རྩིས་བཤེར། བསྡོམས་རྩིས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་ཡག་པོ་སྒྲུབ་ཏེ་གནད་འཕིགས་ཤུགས་འདོན་དང་། ཟུར་བསྟན་ལེབ་མཐོང་གིས་དག་ཐེར་ཕན་འབྲས་ཏན་ཏིག་མཐོར་འདེགས་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱི་ཁྲིད་སྟོན་ཆེ་རུ་བཏང་སྟེ་ཚན་རྩལ་ལས་དོན་ནི་ཅི་ཞིག་ཡིན་པ་དང་། ཅི་ལྟར་སྒྲུབ་པ། ཅིའི་ཕྱིར་ཡིན་པ། ཅི་ལྟར་བྱས་ཏེ་བསྒྲུབ་པ་སོགས་གསལ་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་ཤུགས་གསར་པ་བསྣན་དགོས་ཅེས་བསྟན།
ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་དང་《སློབ་གསོ་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཆར་འགོད་རྩ་གནད(2024---2035ལོའི་བར)》བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་དང་སློབ་གསོ་ལས་དོན་གནས་ཚུལ་སྙན་སེང་ལ་གསན་ཡོད། ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་དང་སློབ་གསོའི་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཏང་གིས་སྤྱི་ཚོགས་ལས་དོན་ལ་དོ་དམ་བྱེད་པའི་བླང་བྱ་མཐའ་འཁྱོངས་བྱས་ཏེ་གཞི་རྩའི་ཆ་ནས་རིམ་པ་མི་འདྲ་བ་སྒྲིག་འཛུགས་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གནད་དོན་ཐག་གཅོད་ཡང་དག་བྱེད་པ། སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་བཀོད་སྒྲིག་ཆབ་མདོར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》དང་། ལྗོངས་ཡོངས་ཀྱི་བསྡོམས་རྩིས་ལས་དོན་ཚོགས་འདུ་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་བསྡོམས་རྩིས་གནས་ཚུལ་སྙན་སེང་ལ་གསན་པ། 《ཚུར་ལན་སྤྲད་པའི་བསམ་འཆར་དག་ཐེར་ལས་ཀའི་ཇུས་གཞིར》ཞིབ་འཇུག་བྱས་ཡོད།
ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཉེ་དུས་གནང་བའི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཀྲོང་ཅིན་སུང་གིས་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཆབ་མདོར་བཏོན་གནང་བའི“འགྱུར་བ་གསུམ”གྱི་སྤྱིའི་ངེས་གནས་དང་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བརྩིས་པའི་ཁར། ནུས་ཤུགས་ཡོད་རྒུས་དམིགས་ཚད་འོས་འགན་ཁག་ལེགས་སྒྲུབ་བྱས་ཏེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བཞི་པ་དེ་ཟླ4པའི་ཚེས11ཉིན་འཚོགས་རྒྱུ་གཏན་འཁེལ་བྱས་པ་རེད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)