国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月04日

ཟས་རིགས་འདི་དག་རྒྱུན་དུ་བསྟེན་ན་ ཁྲག་ཤེད་གཅོག་ཐུབ།

ཇིན་ཚལ།མི་མང་པོ་ཞིག་ཁྲག་ཤེད་མཐོ་བའི་དབང་གིས་མགོ་ན་བའི་སྣང་ཚུལ་འབྱུང་གིན་ཡོད།དེའི་སྐབས་སུ་ཇིན་ཚལ་གསར་པ་ཟོས་ན།ཁྲག་ཤེད་གཅོག་ཐུབ་པ་དང་མགོ་ན་བའི་ནད་རྟགས་སེལ་ཐུབ།

སྲན་ལྗང་།སྲན་ལྗང་ཟོས་ན་ཁྲག་ཤེད་གཅོག་ཐུབ།རྒྱུན་དུ་སྲན་ལྗང་བསྟེན་ན།ཁྲག་ཚིལ་མཐོ་བའི་ནད་སྔོན་འགོག་བྱེད་ཐུབ།

རྒྱ་སེའི་མེ་ཏོག རྒྱ་སེའི་མེ་ཏོག་གསར་པ་ཁེ་དྲུག་ཅུའམ་ཡང་ན་མེ་ཏོག་གི་འདབ་མ་སྐམ་པོ་ཁེ་བཅོ་ལྔ་ཙམ་ཆུའི་ནང་དུ་བསྐོལ་ནས་འཐུང་ན།ཁྲག་ཤེད་མཐོ་བ་དང་སྣ་ཁྲག་ཐོན་པ་འགོག་ཐུབ།

པད་མའི་ཟེའུ་འབྲུ།མེ་ཏོག་པད་མའི་ཟེའུ་འབྲུར་ཁྲག་ཤེད་གཅོག་པ་དང་དྲན་ཤེས་ཇེ་བཟང་དུ་གཏོང་བའི་ནུས་པ་ལྡན་པས།ཁྲག་ཤེད་མཐོ་བ་དང་།སྙིང་མི་བདེ་བ།གཉིད་མི་ཁུག་པ་སོགས་ཀྱི་ནད་པས་བསྟེན་ན་ཕན་ནུས་ཆེན་པོ་ཡོད།དེ་ཡང་པད་མའི་ཟེའུ་འབྲུ་ཁེ་གཅིག་ནས་གཉིས་ཇ་རུ་སྦངས་ཏེ་འཐུང་ན་ཤིན་ཏུ་ལེགས། །