ཉིན་ཤས་བསྟུད་མར། རང་རེའི་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་ཚན་པ་ཁག་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད།
ཟླ3པའི་ཚེས28ཉིན་ཆབ་མདོ་གྲོང་ཁྱེར་གྱི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ66འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་དེ་ཇ་རྟ་ཐང་ཆེན་དུ་སྤེལ་བ་རེད།
ཟླ3པའི་ཚེས25ཉིན་ཆབ་མདོ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ66འཁོར་བར་དྲན་གསོ་ཞུ་བའི་གཏམ་བཤད་འགྲན་སྡུར་སྤེལ་བ་རེད།
ཟླ3པའི་ཚེས28ཉིན་ཆབ་མདོ་གྲོང་ཁྱེར་བུ་བཅོལ་ཁང་གསུམ་པ་ཡིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ66འཁོར་བར་དྲན་གསོ་ཞུ་བའི་གླུ་གཞས་འགྲན་སྡུར་སྤེལ་བ་རེད།
ཟླ3པའི་ཚེས28ཉིན་ཆབ་མདོ་གྲོང་ཁྱེར་འཕེལ་རྒྱས་ཨུ་ལྷན་གྱིས་ཁ་རུབ་ཆུས་གཤོ་རྔུལ་མདའ་གྲོང་ཚོར་སོང་ནས་མཉམ་འབྲེལ་ཐོག་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཉིན་མོའི་བྱེད་སྒོ་སྤེལ་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ66འཁོར་བར་དྲན་གསོ་ཞུས་པ་རེད།
ཟླ3པའི་ཚེས27ཉིན་ཆབ་མདོ་གྲོང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་རྒན་གྲས་ལས་དོན་པར“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”དང“3·28”སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བའི་གཏམ་རྒྱུད་གྱེར་ཀློག་དང་ལས་བྱེད་པའི་སྦྱོང་བརྡར་ཆེ་མོའི་བྱེད་སྒོ་སྤེལ་བ་རེད།
ཉེ་ཆར། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་གྱི་མཐའ་བསྡུར་ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་སུ་གཉེར་བ་རེད།
ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དང་། འཇོ་མདའ་རྫོང་། ཆབ་མདོ་གྲོང་ཁྱེར་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས། ཆབ་མདོ་གྲོང་ཁྱེར་རྡོ་ཐ་ཆེད་འཚོང་ཅུས(ཀུང་སི)བཅས་ཀྱིས“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”ཅེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད།
ཉིན་ཤས་གོང་། སྨར་ཁམས་རྫོང་གྲུ་པ་རོང་ཤང་འབྲི་ཆུའི་ཟམ་ཆེན་གཤམ་གྱི་ཆུ་ཐོག་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། གྲུ་པ་རོང་ཤང་དང་། ཟུར་སྡེ་ཤོད་ཤང་། གཙང་ཤོད་ཤང་བཅས་ཀྱི་གྲོང་ཚོ་13གྱི་ཞིང་འབྲོག་པའི་འཁྲབ་སྟོན་པ་280ལྷག་ཙམ་གྱིས་མང་ཚོགས་དང་ཡུལ་སྐོར་བ་2100ལྷག་ཙམ་དང་མཉམ་དུ་འབྲི་ཆུའི་ངོགས་སུ་འཛོམས་ཏེ། གླུ་དབྱངས་ལ་བརྟེན་ནས་ཏང་གི་བཀའ་དྲིན་བརྒྱུད་སྤྲོད་དང་ཞབས་བྲོ་འཁྲབ་ནས་སྨོན་འདུན་བཟང་པོ་མཚོན་པར་བྱས་པ་རེད།
པར་① ཟླ3པའི་ཚེས28ཉིན་ཆབ་མདོ་གྲོང་ཁྱེར་གྱི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ66འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་དེ་ཇ་རྟ་ཐང་ཆེན་དུ་སྤེལ་བ།
པར② ཟླ3པའི་ཚེས28ཉིན་ཆབ་མདོ་གྲོང་ཁྱེར་གྱི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ66འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་ཡུལ་དངོས་སུ་སློབ་མ་ཚོས་ལག་གི་རྒྱལ་དར་གཡུག་བཞིན་པ།
པར③ ཟླ3པའི་ཚེས28ཉིན་ཆབ་མདོ་གྲོང་ཁྱེར་བུ་བཅོལ་ཁང་གསུམ་པ་ཡིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ66འཁོར་བར་དྲན་གསོ་ཞུ་བའི་གླུ་གཞས་འགྲན་སྡུར་སྤེལ་བ།
པར④ ཟླ3པའི་ཚེས28ཉིན་ཆབ་མདོ་གྲོང་ཁྱེར་གྱི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ66འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས་ཡིན་པ།
པར⑤ ཟླ3པའི་ཚེས28ཉིན་ཆབ་མདོ་གྲོང་ཁྱེར་གྱི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ66འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་ཡུལ་དངོས་སུ་ཁ་རུབ་ཆུས་བྱམས་བརྩེའི་བུ་བཅོལ་ཁང་གི་སློབ་མ་ཚོས་འཁྲབ་སྟོན་ལ་ལྟ་བཞིན་པ།
པར⑥ ཟླ3པའི་ཚེས28ཉིན་ཆབ་མདོ་གྲོང་ཁྱེར་གྱི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ66འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས་ཡིན་པ།
པར⑦ ཟླ3པའི་ཚེས28ཉིན་ཆབ་མདོ་གྲོང་ཁྱེར་འཕེལ་རྒྱས་ཨུ་ལྷན་གྱིས་ཁ་རུབ་ཆུས་གཤོ་རྔུལ་མདའ་གྲོང་ཚོར་སོང་ནས་མཉམ་འབྲེལ་ཐོག་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཉིན་མོའི་བྱེད་སྒོ་སྤེལ་བའི་ཡུལ་དངོས་ཡིན་པ།