国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月04日

རང་རེའི་གྲོང་ཁྱེར་གྱིས་འོས་སྐུལ་ངོ་ཚབ་ལས་ཁུངས་ཀྱི་སྤྱོད་གཙང་གླེང་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་1ཉིན་གྱི་ཉིན་ཕྱི་དྲོར། འོས་སྐུལ་ངོ་ཚབ་ལས་ཁུངས་ཀྱི་སྤྱོད་གཙང་གླེང་མོལ་ཚོགས་འདུ་དེ་གྲོང་ཁྱེར་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱི་ཐོག་བརྩེགས་6པའི་འོས་སྐུལ་ཁང་དུ་འཚོགས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝུའུ་དབྱིན་ཧའེ་ཚོགས་འདུར་ཞུགས་པ་རེད། ཁོང་གིས་དུས་བབ་གསལ་པོ་ཤེས་པ་བྱེད་ཅིང་། རེ་བ་ནན་པོ་བྱེད་པ་དང་། བསམ་བློའི་ཐོག་གི་ཉེན་ཟོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བཟོ་བ། སྤྱོད་གཙང་འཛུགས་སྐྱོང་དེ་སྲོག་རྩར་བརྩིས་ནས་བྱེད་ཐབས་ཕན་ནུས་ལྡན་པ་བེད་སྤྱད་དེ་དང་ཐུན་མོང་ཐོག་ཡར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས། བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། རང་ངོས་འཛུགས་སྐྱོང་སྲ་བརྟན་དུ་གཏོང་བ།《འོས་སྐུལ་དང་འོས་སྐུལ་བཅའ་ཁྲིམས》《སྲིད་གཞུང་གི་ཉོ་སྒྲུབ་བཅའ་ཁྲིམས་》སོགས་ཁྲིམས་སྲོལ་ལ་སློབ་སྦྱོང་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ནང་ཁུལ་གྱི་སྤྱོད་གཙང་གསོ་སྦྱོང་དུས་བཀག་ལྟར་སྤེལ་བ། དམར་ཐིག་གི་འདུ་ཤེས་བརྟན་དུ་གཏོང་ནས་ལྕགས་རྡུང་བར་རང་ངོས་སྲ་མཁྲེགས་དགོས་པའི་རྨང་གཞི་ཐོག་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པའི་ཐོག་ནས་ལས་དོན་ཁག་བསྒྲུབ་དགོས། ཞབས་ཞུ་མཐོ་རུ་གཏོང་བ་དང་། དམར་ཐིག་དང་མཚམས་ཐིག་ནན་སྲུང་བྱེད་ནས། འགན་འཁྲི་ལག་བསྟར་ནན་ཏན་བྱ་དགོས་པ་དང་། ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་ཅིང་ཆེད་ལས་ཀྱི་ནུས་པར་བརྟེན་ནས་ཁྲིམས་ལྟར་དང་སྒྲིག་སྲོལ་ལྟར་ལས་དོན་ཁག་ལེགས་བསྒྲུབ་བྱེད་དགོས་པའི་རེ་བ་བཏོན་ཡོད།