国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月04日

ཀྲོང་ཅིན་སུང་གིས་གྲོང་ཨུད་ཏང་གི་སློབ་གྲྭར་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།

“དམར་མདངས་ཆབ་མདོ”ཁྲིད་སྟོན་དུ་བྱས་ཏེ་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་སློབ་གསོའི་གསབ་སྦྱོང་རྟེན་གཞི་ཞིག་གཏོད་དགོས།

ཀྲོང་ཅིན་སུང་གིས་གྲོང་ཨུད་ཏང་གི་སློབ་གྲྭ་རུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཏང་གི་སློབ་གྲྭར་ཕེབས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད། གྲོང་ཨུད་ཏང་གི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་དང་། སློབ་གསོ་སློབ་སྦྱོང་། དཔུང་སྡེའི་འཛུགས་སྐྱོང་། ཕྱོགས་བསྡུས་དོ་དམ། གསར་བརྗེའི་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ལས་དོན་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་།

ཁོང་གིས་ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “དམར་མདངས་ཆབ་མདོ”ཁྲིད་སྟོན་དུ་བྱས་ཏེ་སློབ་སྒྲུབ་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་ལས་བྱེད་པའི་སློབ་གསོའི་གསབ་སྦྱོང་རྟེན་གཞི་ཞིག་གཏོད་དེ་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་དེ་བས་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་ཡོད།

དངོས་གྲུབ་ཟླ་བ་དང་། ཝུའུ་དབྱིང་ཧུའེ། ཅཱ་ཤིན་ཡུས། ཤེ་ཝུན་ཀོང་། ཉི་མ་ཚེ་རིང་བཅས་ཞུགས་ཡོད།

ཀྲོང་ཅིན་སུང་སྔ་རྗེས་སུ་གྲོང་ཨུད་ཏང་གི་སློབ་གྲྭའི་སྲིད་འཛིན་ཐོག་ཁང་དང་། དཔེ་མཛོད་ཁང་། ཡུས་ཆབ་དགེ་རྒན་གྱི་ལས་སྒྲུབ་ཁང་། སློབ་མའི་ཉལ་ཁང་སོགས་སུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་ཏེ་གྲོང་ཨུད་ཏང་གི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སློབ་གསོ་གསབ་སྦྱོང་། སློབ་ཁྲིད་སྒྱུར་བཅོས། དཔུང་སྡེའི་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། སློབ་གྲྭ་དེ་གའི་ཚན་ཁག་གི་ཁོངས་མི་དང་དགེ་རྒན་གྱི་འཐུས་མི་དང་སྤེལ་རེས་ཀྱང་བྱས་ཡོད། ཁོང་གིས་ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཨང་དང་པོ་སྒྲེང་ས་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”འགོ་ཚུགས་ས་དང་རྒྱུད་འཛིན་གཏོང་ས་བཅས་ཡིན་པས། གྲོང་ཨུད་ཏང་གི་སློབ་གྲྭ་ཡིས“དམར་མདངས་ཆབ་མདོའི”དུས་རབས་གསར་པའི་ནང་སྙིང་གསར་པ་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དམར་མདངས་སློབ་གསོའི་ཐོན་ཁུངས་ཀྱི་གཞི་གྲངས་གསལ་པོ་བཟོ་བ་དང་། དམར་མདངས་ཐོན་ཁུངས་དང་སློབ་གསོའི་ཚན་རིག་ཞིབ་འཇུག་གསར་གཏོད་ཕན་ཚུན་ལེགས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆབ་མདོ་འདི་ཉིད་ཏང་ཡོན་ལས་བྱེད་པའི་བསམ་བློ་ཡར་རྒྱས་དང་། ཏང་གཤིས་སྦྱོང་བརྡར། འཇོན་ཐང་བཞུན་བརྡར་གཏོང་བའི་ལག་ལེན་གྱི་སློབ་གསོ་རྟེན་གཞི་ཞིག་ཏུ་གཏོད་རྒྱུར་ཧུར་བརྩོན་བྱེད་དགོས།“དམར་མདངས་ཆབ་མདོ”སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སློབ་སྒྲུབ་ཆུ་ཚད་མཐོ་རུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་ཨུད་ཏང་གི་སློབ་གྲྭ་དེ་ཉིད་རྒྱལ་ཡོངས་ཀྱི་གསར་བརྗེའི་སློབ་གསོའི་རྟེན་གཞི་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་སོགས་ད་དུང་གཙང་གསུམ་གདོད་མའི་སྐྱེ་ཁམས་རིག་གནས་གྲོང་དུ་ཕེབས་ཏེ་མི་རིགས་ཀྱི་ལག་ཤེས་ཁང་དང་མང་ཚོགས་སྒྱུ་རྩལ་ཁང་གི་འཁོར་སྐྱོད་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་དཔྱད་ཞིབ་འཇུག་གནང་ཡོད།