国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月04日

ཀྲོང་ཅིན་སུང་གིས་ཀྲུང་གོ་ལྕགས་ལམ་ཅུས་བཅུ་པའི་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡའོ་ཧུའེ་དང་མཇལ་འཕྲད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀྲུང་གོ་ལྕགས་ལམ་ཅུས་བཅུ་པའི་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡའོ་ཧུའེ་དང་མཇལ་འཕྲད་གནང་བ་རེད།

ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཝང་ཡའོ་ཧུའེ་དང་བཅས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོ་ལྕགས་ལམ་ཅུས་བཅུ་པའི་ཚོགས་པ་ཚད་ཡོད་ཀུང་སིས་ཆབ་མདོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་མིག་སྔར་ཆབ་མདོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བཟུང་རྒྱུར་མཐའ་འཁྱོངས་བྱས་ཏེ།“དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་པ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་ཀའི་དམིགས་ཚད་ལ་དམིགས་པ། ནུས་ཤུགས་ཡོད་རྒུས“3+1+1”ཀྱི་ལས་འགན་གལ་ཆེན་ལ་སྐུལ་འདེད་བཏང་བའི་ཁར། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཞབས་ཞུ་དང་། འགན་ལེན། འདེགས་སྐྱོར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལག་ལེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་པའི་ཁྲོད་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་བཞིན་ཡོད་ཅེས་བསྟན།

ཀྲོང་ཅིན་སུང་གིས་ཆབ་མདོ་ནི་ཁམས་པའི་རིག་གནས་ཀྱི་ལྟེ་གནས་ཁུལ་དང་བརྟན་ལྷིང་སྲུང་སྐྱོབ་ཀྱི་ཐབས་ཇུས་ལྕགས་རི་བཅས་ཡིན་པས། གནའ་སྔ་མོ་ནས་བོད་ཀྱི་ཁྱོན་ཡོངས་ཁྲོད་གནད་འགག་ཆེ་བའི་ཐབས་ཇུས་ཀྱི་གོ་གནས་ཟིན་ཡོད། ཀྲུང་གོ་ལྕགས་ལམ་ཅུས་བཅུ་པའི་ཚོགས་པ་ཚད་ཡོད་ཀུང་སི་ནི་རྒྱལ་ནང་དུ་སྐད་གྲགས་ཆེ་བའི་ཁེ་ལས་ཤིག་ཡིན་པའི་ངོས་ནས་ལག་རྩལ་གྱི་སྟོབས་ཤུགས་ཆེ་ཞིང་ཨར་ལས་ཀྱི་ཉམས་མྱོང་བཟང་བ། ཚོགས་པའི་དོ་དམ་ཕུལ་དུ་བྱུང་བ་བཅས་ཡིན་པས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ལྕགས་ལམ་ཅུས་བཅུ་པའི་ཚོགས་པ་ཚད་ཡོད་ཀུང་ཟི་ཆབ་མདོར་འཕེལ་རྒྱས་འགྲོ་བར་སྤུས་ལེགས་ཞབས་ཞུ་དང་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་པ་དང་། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་སྤྱད་དེ་ཕྱོགས་གཉིས་ལ་ཁེ་ཕན་ཡོང་བ་བཅས་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་ཡོད།

ཝང་ཡའོ་ཧུའེ་ཡིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཁེ་ལས་འགྲོ་བའི་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོ་ལྕགས་ལམ་ཅུས་བཅུ་པའི་ཚོགས་པ་ཚད་ཡོད་ཀུང་ཟིའི་འཕེལ་རྒྱས་དང་། ལས་གྲྭའི་འཛུགས་སྐྲུན། རྣམ་གྲངས་དོ་དམ་དང་ལས་སྒོ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཀྱང་གནང་བ་རེད།