འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས28ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་རེའི་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་རྒྱུར་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སློབ་སྦྱོང་སློབ་གསོའི་ལམ་ལུགས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྒྲིག་འཛུགས་ཞིབ་ཚགས་དང་། ཏན་ཏིག་སྐུལ་འདེད་བཏང་སྟེ་སློབ་སྦྱོང་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཐོག“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”དམིགས་ཚད་འོས་འགན་མངོན་འགྱུར་བྱ་ཆེད་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲོང་ཅིན་སུང་གིས་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་གྲོལ་རྗེས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་དེས་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ལམ་དུ་ཡོད་པའི་ཉེན་བརྡ་དྲག་པོ་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་སློབ་སྦྱོང་སློབ་གསོའི་བརྗོད་དོན་གཏན་འཁེལ་དང་། གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དེས་ང་ཚོས་སློབ་སྦྱོང་སློབ་གསོ་སྤེལ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཏེ་རང་ལྗོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་རྒྱུར་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པས་ང་ཚོས་སློབ་སྦྱོང་སློབ་གསོ་སྤེལ་བར་ཐབས་ཤེས་བསླབ་པ་དང་བླང་བྱ་ཁ་གསལ་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་གོ་བ་གཏིང་ཟབ་ལེན་པ་དང་། ཚད་གཞི་དེ་བས་མཐོ་ཞིང་བླང་བྱ་དེ་བས་ནན་པའི་ཐོག་ནས་སློབ་སྦྱོང་དང་ལག་བསྟར་དམ་འཛིན་བྱེད་དགོས་ཅེས་བསྟན།
ཀྲོང་ཅིན་སུང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་། སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་ཡིན་པ་དང་། བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཡོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་བཅས་ངོས་འཛིན་གཏིང་ཟབ་བྱས་ཏེ། ཐེངས་འདིའི་སློབ་སྦྱོང་སློབ་གསོའི་བརྗོད་དོན་གཙོ་ཐིག་དང་། ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་། སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཀྲོང་ཅིན་སུང་གིས་ཅི་ཞིག་སློབ་སྦྱོང་བྱེད་དགོས་པར་དམ་པོར་དམིགས་དགོས་ཤིང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་འགན་ལེན་བྱེད་དགོས། ཅི་ཞིག་ཞིབ་བཤེར་བྱེད་དགོས་པར་དམིགས་དགོས་ཤིང་། དཔེ་གཞིར་བརྟེན་ནས་སྒྲིག་ཁྲིམས་དང་། ཁྲིམས་ལུགས། སྤྱོད་ལམ། འགན་འཁྲི་བཅས་གླེང་ནས་ཏང་ཡོན་ལས་བྱེད་པས་གཅིག་ཤེས་ཀུན་གྲོལ་ཐུབ་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་གྱོད་དཔེ་མེ་ལོང་དུ་འཛིན་པ་དང་བསླབ་བྱར་ལེན་པ་བྱེད་དགོས། ཅི་ཞིག་བཅོས་སྒྲིག་བྱེད་དགོས་པར་དམིགས་དགོས་ཤིང་། གནད་དོན་ཅི་ཞིག་ཡོད་ན་གནད་དོན་ཐག་གཅོད་བྱེད་པ་དང་གནད་དོན་གང་ཞིག་མངོན་གསལ་དོད་པོ་ཡོད་ན་གཙོ་བོ་གནད་དོན་དེ་དག་ཐེར་བྱ་རྒྱུར་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་ཡོད།