འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་རྩོམ་ཡིག་གལ་ཆེན། ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། འབྲེལ་ཡོད་ལས་དོན་སྙན་སེང་ལ་གསན་པ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་གནང་ཡོད།
ཀྲོང་ཅིན་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྩོམ་ཡིག་གལ་ཆེན་གྱི་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་ལ། བསམ་བློ་གཏིང་ཟབ་པས། ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། སློབ་སྦྱོང་ནན་ཏན་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། ཐོག་མཐའ་བར་གསུམ་དུ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་ཀའི་དམིགས་ཚད་ཀྱི་མཐའ་འཁོར་དུ་དམ་པོར་དམིགས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས་ཅེས་བསྟན།
ཚོགས་འདུའི་ཐོག《དུས་རབས་གསར་པའི་འདྲི་གཅོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དགོངས་དོན་བརྒྱུད་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་ལྷག་པར་དུ་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་བསམ་བློ་ངོས་འཛིན་ཆེ་རུ་གཏོང་དགོས་ཤིང་། འདྲི་གཅོད་ལས་དོན་གྱི་གལ་ཆེན་རང་བཞིན་ལ་ཁོང་དུ་ཟབ་མོ་ཆུད་པར་བྱས་ཏེ་འདྲི་ཞིབ་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་ཁྲིམས་འཛིན་འདྲི་གཅོད་ལས་དོན་ལ་བརྟེན་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་དང་ཞབས་འདེགས་ཞུ་དགོས། དཔུང་སྡེའི་ཧྲག་དམག་ཞིག་འཛུགས་སྐྲུན་བྱེད་དགོས་ཤིང་།
ཁྲིམས་ཁང་གི་དཔུང་སྡེའི་ཆབ་སྲིད་སྤུས་ཚད་དང་། ལས་སྒོའི་སྤུས་ཚད། ཀུན་སྤྱོད་སྤུས་ཚད་འཛུགས་སྐྱོང་བཅས་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། ལྷག་བསམ་ཟོལ་མེད་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་ཁྲིམས་ཁང་གི་ཧྲག་དམག་ཞིག་བཙུགས་དགོས་པའི་ནན་བཤད་གནང་ཡོད།
ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་སྤེལ་བའི་ཕན་འབྲས་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། གཅིག་སྡུད་བཅོས་སྒྲིག་ལ་གཏིང་ཟབ་སྐུལ་འདེད་གཏོང་བ། “སྤྱོད་ཚུལ་བཞིའི”ཡོ་བསྲང་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་ཏན་ཏིག་ངང་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་རེག་ཚོར་ཐུབ་པའི་དོན་དངོས་ཁག་ཅིག་བསྒྲུབ་དགོས་པའི་ནན་བཤད་གནང་ཡོད།