国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月01日

ཀྲོང་ཅིན་སུང་གིས་ཁྲུང་ཆིང་ཀའོ་ཅེ་ཁོར་ཡུག་སྔོ་ལྗང་ལས་གྲྭ་ཚོཌ་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧྥུའུ་ཡན་དང་བཞུཌ་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3ཚེས26ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཁྲུང་ཆིང་ཀའོ་ཅེ་ཁོར་ཡུག་སྔོ་ལྗང་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧྥུའུ་ཡན་དང་བཞུགས་མོལ་གནང་བ་རེད།

ཀྲོང་ཅིན་སུང་གིས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཧྥུའུ་ཡན་དང་བཅས་པར་དགའ་བསུ་ཞུས་ཤིང་། ཏུང་ཧྲི་ཀྲང་ཕུའུ་ཡན་དང་བཅས་པ་ཆབ་མདོར་ཕེབས་ཏེ་འཕེལ་རྒྱས་དོན་གཉེར་དང་། མཉམ་ལས་གྲོས་མོལ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

ཀྲོང་ཅིན་སུང་གིས་མིག་སྔར་ཆབ་མདོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཆབ་མདོར་བརྟག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”འབད་འཐབ་དམིགས་ཚད་བཏོན་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ཁེ་ལས་པ་ཚོ་ཆབ་མདོར་ཡོང་ནས་མ་འཇོག་ལས་གཏོད་དང་། མཉམ་ལས་འཚོལ་ཞིབ་བྱ་ཆེད་ལས་སྟེགས་མཁོ་འདོན་བྱས་ཡོད། ཁྲུང་ཆིང་ཀའོ་ཅེ་ཁོར་ཡུག་སྔོ་ལྗང་ལས་གྲྭ་ཚོགས་པས་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཞབས་ཞུའི་ཐད་ཀྱི་ལག་རྩལ་དང་ཞིབ་འཇུག་གསར་སྤེལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། མཉམ་ལས་གཏིང་ཟབ་བྱེད་པའི་ཁྲོད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལག་རྩལ་སྤེལ་རེས་སོགས་ཀྱི་ཐད་མཉམ་ལས་ལམ་སྲོལ་བཙུགས་ནས། ཆབ་མདོར་བྱང་ཚད་མཐོ་བའི་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད།

ཧྥུའུ་ཡན་གྱིས་ཆབ་མདོ་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀའོ་ཅེ་ཚོགས་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་། ཐོན་ལས་སྦྲེལ་ཐག་བཀོད་སྒྲིག གཉེར་སྐྱོང་ལས་སྒོ་གཙོ་བོ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།