འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས26ཉིན་ནས་ཚེས28ཉིན་བར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་རྡོ་རྗེ་ཚེ་སྒྲུབ་ཀྱིས་ཆབ་མདོའི་གཞི་རིམ་གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་གཞི་བཀོད་སྒྲིག་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།
རྟོག་ཞིབ་ཚོགས་ཆུང་གིས་ཆབ་མདོ་གྲོང་ཁྱེར་གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སུ་སོང་ནས་སྒྲིག་གཞི་སྒྱུར་བཅོས་དང་། དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན། གཞི་རིམ་གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཡོད།
རྟོག་ཞིབ་གནང་རིང་། རྟོག་ཞིབ་ཚོགས་ཆུང་གིས་ད་དུང་ཆབ་དགོན་བྱམས་པ་གླིང་དུ་ལྟ་སྐུལ་རྟོག་ཞིབ་གནང་བ་དང་། ཆབ་མདོ་གྲོང་ཁྱེར་གྱི་ན་གཞོན་ཁེ་ལས་པའི་བཟོ་ཚོང་ཚོགས་པའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་མ་ཟད། ཁ་རུབ་ཆུས་དང་། དཔའ་ཤོད་རྫོང་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཆབ་མདོ་གྲོང་ཁྱེར་གྱི་བུད་མེད་ཁེ་ལས་པའི་མཐུན་ཚོགས་བཅས་སུ་རྟོག་ཞིབ་བྱས་ཡོད།