འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་66དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60 ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་ཏེ། གསར་བརྗེའི་སྙིང་སྟོབས་སྔར་བས་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བཅས་བྱ་ཆེད། ཟླ་3ཚེས་29ཉིན། གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས“ཏང་འཛུགས་ཀྱིས་ལྟེ་བའི་ཡན་ལག་ཁྲིད་སྟོན་བྱས་ཏེ་དར་རྒྱས་ཡར་བརྩོན་གྱི་དམག་སྦྱོང་ཆེ་མོ་བྱེད”ཅེས་པ་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་གྱི་མཐའ་མཇུག་འགྲན་སྡུར་བྱས་པ་རེད།
འགྲན་བསྡུར་ཁྲོད། སྡེ་ཚན་11ནས་ཡོང་བའི་བདམས་ཐོན་པ་12ཀྱི་གཏམ་བཤད་ཀྱི་བརྗོད་དོན་གཙོ་བོས་མི་སེམས་ལ་སྐུལ་ལྕག་ཐེབས་པ་དང་། གཏམ་བཤད་འགྲན་བསྡུར་ནང་ཆབ་མདོའི་གསར་བརྗེའི་ལོ་རྒྱུས་དང་། ནོར་སྲིད་ཀྱི་འགན་འཁྲི། སློབ་གསོའི་རེ་འདུན། སྤྱི་བདེའི་ལྷག་བསམ་རྣམ་དག འགྲིམ་འགྲུལ་འགག་སྒྲོལ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན། འབྱུང་འགྱུར་རྒྱང་ལྟ། གྲོང་ཚོར་བཅའ་སྡོད་སྦྱོང་བརྡར། གསར་བརྗེའི་གཞི་རྒྱུ་མུ་མཐུད་འབྲི་བ། ལས་གནས་འགན་འཁུར། སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཀྱི་ནང་དོན་ཚུད་ཡོད།
བདམས་ཐོན་པ་12ཀྱིས་ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད་མཐར་བྱ་དགའ་ཨང་དང་པོ་གཅིག་དང་། བྱ་དགའ་ཨང་གཉིས་པ་གཉིས། བྱ་དགའ་ཨང་གསུམ་པ་གསུམ་བཅས་ཐོན་ཡོད་པ་རེད།
ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་གྱི་ནང་དོན་གཏིང་ཟབ་པ་དང་། བརྗོད་དོན་གཙོ་བོ་མངོན་གསལ་དོད་པ། རྣམ་པ་ངོ་མཚར་ཆེ་བ་བཅས་ཡིན་པ་དང་། མི་སེམས་འགུལ་བའི་བྱས་རྗེས་བརྗོད་དེ་འབད་འབངས་ཡར་བརྩོན་གྱིས་མདུན་དུ་སྐྱོད་རྒྱུར་སྐུལ་མ་ཐེབས་ཡོད།