འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས27ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་དམག་དོན་གྲོས་མོལ་ཚོགས་འདུ་དང་མི་དམངས་དྲག་ཆས་པུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་སྒྲུབ་གསལ་ཞུའི་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་ཡིན་པའི་ཀྲོང་ཅིན་སུང་གིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དུས་རབས་གསར་པའི་མི་དམངས་དྲག་ཆས་ལས་དོན་ཏན་ཏིག་ངང་ཤུགས་སྣོན་རྒྱག་པ་དང་། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བྱེད་པའི་ལས་རྗེས་དང་ཕན་འབྲས་ཀྱི་ཐོག་ནས་ཆབ་མདོའི་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲང་ཅན་ཧྭ་དང་། ཀའོ་ཅིན་པིང་། དངོས་གྲུབ་ཟླ་བ། ཝུའུ་དབྱིང་ཧུའེ། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་། ཤེ་ཝུན་ཀོང་བཅས་ཞུགས་ཡོད།
ཀྲོང་ཅིན་སུང་གིས་འདས་ཟིན་པའི་ལོ་གཅིག་རིང་། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་དེ་བཞིན་ཆབ་སྡོད་དམག་དཔུང་གིས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་འགན་འཁྲི་ནན་ཏན་ལག་བསྟར་བྱས་ཏེ། རྒྱལ་སྲུང་སྐུལ་སློང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཏིང་ཟབ་སྤེལ་ནས་གཉིས་བཀུར་མཉམ་སྐྲུན་བསྟུད་མར་ཟབ་སྤེལ་བྱས་ཏེ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དུ་བཏང་ཡོད། རྒྱ་ཆེའི་ཆབ་སྡོད་དཔོན་དམག་གིས་བཅའ་སྡོད་བྱ་ཡུལ་ཕ་ཡུལ་དང་མི་དམངས་ཕ་མར་བརྩིས་ཏེ། རང་འགུལ་ཐོག་ཆབ་མདོའི་སྒྱུར་འཕེལ་བརྟན་གསུམ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཉེན་སེལ་རྒུད་སྐྱོབདང་། མཐའ་སྟོབས་མཐའ་སྲུང་། གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ནང་སྟོབས་གསར་དམག་དང་འཕྲལ་རྒོལ་རུ་ཁག་གི་ནུས་པ་བཏོན་ཡོད་ལ། ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ཆེན་པོ་སྐྱེས་སུ་ཕུལ་ཡོད་ཅེས་བསྟན།
ཀྲོང་ཅིན་སུང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་བརྒྱབ་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཏང་སྲིད་ལས་བྱེད་པའི་སློབ་གསོའི་གསབ་སྦྱོང་གི་སློབ་ཚན་ནང་བཅུག་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་ལག་ལེན་པ་དང་དངོས་སྒྲུབ་པ་ཞིག་བྱེད་དགོས་པའི་ནན་བཤད་གནང་ཡོད།